དངུལ་ལོར་ཕྱིར་འཐེན་བྱེད་པའི་རྐྱེན་གྱིས་དཔལ་འབྱོར་ལམ་ལུགས་ལྟར་བརྩི་སྲུང་ཡོང་གི་ཡོད་པ་དང་ཁྲལ་བསྡུའི་གཞི་རྟེན་རྒྱ་ཆེ་རུ་གཏོང་བའི་སྐོར་ཨཱརུན་ཇེཊལི་མཆོག་གིས་གསུངས་བ།

དངུལ་ལོར་ཕྱིར་འཐེན་བྱེད་པའི་རྐྱེན་གྱིས་དཔལ་འབྱོར་ལམ་ལུགས་ལྟར་བརྩི་སྲུང་ཡོང་གི་ཡོད་པ་དང་ཁྲལ་བསྡུའི་གཞི་རྟེན་རྒྱ་ཆེ་རུ་གཏོང་བའི་སྐོར་དཔལ་འབྱོར་བློན་ཆེན་ཨཱརུན་ཇེཊལི་མཆོག་གིས་ཁས་ས་རེས་གཟའ་པ་སངས་སུ་གསུངས་གནང་ཡོད་པ་རེད་འདུག།

དེའང་བློན་ཆེན་ཇེཊལི་མཆོག་གིས་ཁས་ས་རྒྱལ་ས་ལྡི་ལིར་ཚོགས་པའི་ཇཱགརཱན་ཚོགས་ཆེན་ལ་ཨེན་ཌི་ཨེ་གཞུང་གིས་ལོ་དང་པོ་བཞི་དང་ཕྱེད་ཀའི་ནང་དུ་ཕྱི་ལོ་༢༠༡༤ ལོར་གླ་ཕོག་ཁྲལ་བྱེ་བ་༣་༨ ནས་ད་ལྟ་ཧིན་སྒོར་བྱེ་བ་༦་༨༦ བར་བསྡུ་ཐུབ་ཡོད་པ་དང་རྗེས་མ་ལོར་ཧིན་སྒོར་བྱེ་བ་༧་༦ བར་ཉིས་ལྡབ་བྱུང་རྒྱུ་ཡིན་སྐོར་གསུངས་འདུག།