བི་ར་ཛིལ་རྒྱལ་ནང་དུ་དངུལ་ཁང་ལ་འཐབ་རྒོལ་བཟློག་སྐབས་མི་༡༢ གསོད་ཡོད་པ།

ཁས་ས་མི་ལ་གི་རེ་སི་བྱང་ཤར་གྲོང་སྡེར་བི་ར་ཛིལ་རྒྱལ་ནང་དུ་དངུལ་ཁང་གཉིས་སུ་ཇག་པའི་དཔུང་སྡེས་འཐབ་རྒོལ་བཟློག་སྐབས་མི་༡༢ དང་དེའི་ནང་མི་གཏེ་༥ གསོད་ཡོད་པ་རེད་འདུག།

དེའང་དེ་སྔོན་བི་ར་ཛིལ་རྒྱལ་ནང་དུ་ཇེར་བོལ་སོ་ན་རོ་མཆོག་ལ་སྲིད་འཛིན་འོས་བསྡུའི་ནང་གི་ལས་རིམ་དང་པོ་དེར་རྒྱལ་ཁ་ཐོབ་ཡོད་པ་རེད་འདུག།   དེའང་སྲིད་འཛིན་འོས་བསྡུའི་ནང་དུ་ཇེར་བོ་ལོ་སོ་ན་རོ་མཆོག་གིས་འོས་ཤོག་ནང་སྒྲུབ་འབྲས་ལེགས་པོ་བྱེད་སྲིད་པ་དང་ཁོང་ནི་དམག་མི་ཟུར་ཞིག་ཡིན་པ་ེེད་འདུག།   ད་དུང་ཁོང་གི་ཀགཏད་ཆེ་ཤོས་ཤིག་ནི་སོ་པོ་ལོ་ཡི་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་ཕེར་ནན་ཌོ་ཧ་དད་ཡིན་པ་རེད་འདུག།