མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཇིག་སྐུལ་རིང་ལུགས་ལྡོག་པར་སྒྲོམ་གཞི་གསར་པ་ཐག་གཅོད་གནང་བ།

༄། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཀྲོ་ནིའོ་གུ་ཡེ་རེས་མཆོག་གིས་འཇིག་སྐུལ་རིང་ལུགས་ལྡོག་པ་དང་ཞི་བདེ་ཉེན་སྲུང་དང་མི་སྤྱོད་བདེ་རྩ་དང་འགྲོ་བ་མིའི་ཐོབ་ཐང་དང་འཕེལ་རྒྱས་ཀྱི་སེཀ་ཊར་རྣམས་རྒྱུན་གནས་ཐུབ་པར་འབད་བརྩོན་འབྲེལ་མཐུད་གནང་བའི་སྒྲོམ་གཞི་གསར་པ་ཐག་གཅོད་གནང་ཡོད་འདུག་

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འཇིག་སྐུལ་རིད་གས་ལྡོག་པའི་འབྲེམ་འཐུད་མཐུན་གྲོས་ཞེས་མཚན་རྟགས་གནང་བའི་སྒྲོམ་གཞི་དེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགོ་དཔོན་དང་ཚོགས་པ་༣༦ དང་INTERPOL དང་རྒྱལ་སྤྱིའི་ཤཔ་ཁྲལ་ལྷན་ཚོགས་བར་གྱི་གྲོས་མཐུན་ཐག་གཅོད་ཡིན་འདུག་ དགའ་སྟོན་གྱི་གཏམ་བཤད་དུ་སྐུ་ཞཙས་གུ་ཏེ་རེས་མཆོག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གྱི་ཚད་གཞི་ལ་གུས་བཀུར་དང་ཁྲིམས་ལུགས་ལྡན་པའི་ཐོག་འཇིག་སྐུལ་རིང་ལུགས་ལྡོག་པའི་ལས་གཞི་སྤེལ་བར་འབོད་དོ།