རཱཇཱསྟཱན་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་དུ་འོས་ཤོག་འཕེན་མཁན་རྒྱ་ཆ་༧༤ བྱུང་ཡོད་པ་དང་ཏེལཱགཱཾནཱ་གྲོས་ཚོགས་འོས་བསྡུར་རྒྱ་ཆ་༦༧ བྱུང་ཡོད་སྐོར།

རཱཇཱསྟཱན་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་དུ་འོས་ཤོག་འཕེན་མཁན་རྒྱ་ཆ་༧༤ བྱུང་ཡོད་པ་དང་ཏེལཱགཱཾནཱ་གྲོས་ཚོགས་འོས་བསྡུར་རྒྱ་ཆ་༦༧ བྱུང་ཡོད་པ་རེད་འདུག།   དེའང་འོས་བསྡུ་ཁས་ས་ཞི་བདེའི་ངང་ནས་མཇུག་སྒྲིལ་ཡོད་པ་རེད་འདུག་པ་དང་རཱཇཱསྟཱན་མངའ་སྡེར་གྲོས་ཚོགས་ཀྱི་ས་མི་༡༩༩ དང་ཏཱལཱགཱཾནཱ་གྲོས་ཚོགས་ས་མི་༡༡༩ ཡོད་པ་རེད་འདུག།

དེ་སྔོན་འོས་མི་ཞིག་འདས་གྲོངས་སུ་སོང་བས་རཱཇཱསྟཱན་མངའ་སྡེར་འོས་བསྡུ་དུས་ཡུན་འཕར་འགྱངས་གནང་ཡོད་པ་རེད་འདུག།

མངའ་སྡེ་གཉིས་ཀའི་འོས་བསྡུའི་གྲངས་བསྡུ་མངའ་སྡེ་ཆཏྟིསྒར་དང་མཱདྱཱ་པྲཱཌེཤ་དང་མིཛོརཱམ་གྱི་ལྷན་དུ་རེས་གཟའ་སྤེན་པར་བྱེད་རྒྱུ་ཡིན་པ་རེད་འདུག།   དེའང་ཆཏྟིསྒར་མངའ་སྡེའི་ནང་དུ་འོས་བསྡུའི་ལས་རིམ་གཉིས་ནི་ཕྱི་ཟླ་༡༡ ཚེས་༡༢ ལ་གྲོས་ཚོགས་ས་མི་༡༨ དང་དེ་ཟླའི་ཕྱི་ཚེས་༢༠ ལ་ས་མི་༧༢ ཡི་འོས་བསྡུ་བྱས་ཡོད་འདུག།

མཱདྱཱ་པྲཱཌེཤ་མངའ་སྡེ་དང་མིཛོརཱམ་མངའ་སྡེའི་ནང་དུ་འོས་བསྡུ་ཐེངས་གཅིག་ནང་འཇུག་སྒྲིལ་ཡོད་པ་ནི་ཕྱི་ཟླ་༡༡ ཚེས་༢༨ ལ་བྱས་ཡོད་པ་རེད་འདུག།