སྲིད་འཛིན་ཌུ་ཊེར་ཊེ་ཡིས་ཕི་ལི་པི་ནི་སི་ལྷོ་ཕྱོགས་ཁུལ་ལའང་དྲག་པོའི་ཁྲིམས་གཞི་བཀའ་ཁྱབ་གཏོང་དགོས་པའི་རེ་མོལ་གནང་བ།

ཁས་ས་རེས་གཟའ་པ་སངས་སུ་སྲིད་འཛིན་རོ་ཌི་རི་གོ་ཌུ་ཊེར་ཊེ་ཡིས་རྗེས་མ་ལོ་མཐའ་མའི་བར་དུ་ཕི་ལི་པི་ནི་སི་ལྷོ་ཕྱོགས་ཁུལ་ལའང་དྲག་པོའི་ཁྲིམས་གཞི་བཀའ་ཁྱབ་གཏོང་དགོས་པའི་རེ་མོལ་ཁྲིམས་བཟོ་བ་ལ་གནང་ཡོད་པ་རེད་འདུག་པ་དང་དེ་ནི་ས་ཁུལ་དེར་དྲག་པོའི་གནས་སྟངས་དེ་མེད་པ་བཟོ་ཆེད་དུ་ཡིན་པའི་སྐོར་གསུངས་འདུག།