དེ་རིང་སྲིད་བློན་མོདི་མཆོག་གིས་མཱནིཔུར་དང་ཨཱསཱམ་མངའ་སྡེར་ཡར་རྒྱས་འཛུགས་བསྐྲུན་གྱི་ལས་གཞི་དུ་མའི་དབུ་འབྱེད་གནང་རྒྱུ་ཡིན་པ།

དེ་རིང་སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་མཱནིཔུར་དང་ཨཱསཱམ་མངའ་སྡེར་ཡར་རྒྱས་འཛུགས་བསྐྲུན་གྱི་ལས་གཞི་དུ་མའི་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་འདུག།

དེའང་སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་དེ་སྔོན་མཱཧཱརཱཤཊྲཱ་མངའ་སྡེའི་ནང་དུ་ཧིན་སྒོར་བྱེ་བ་༤༡༠༠༠ ཙམ་གྱི་ཡར་རྒྱས་འཛུགས་བསྐྲུན་གྱི་ལས་གཞི་ཨར་ལས་འཛུགས་བསྐྲུན་དང་ཁང་བཟོའི་ལ་སོགས་པ་དུ་མ་དབུ་འཛུགས་གནང་རྒྱུ་ཡིན་པ་རེད་འདུག།   དེའང་སྲིད་བློན་མཆོག་གི་མངའ་སྡེར་ཉིན་གཅིག་གི་འཚམས་གཟིགས་སྐབས་ཀཱལཡཱན་ལ་འདུ་འཛོམས་ཡོད་སར་མེ་ཊི་རོ་སྲང་ལམ་གལ་ཆེའི་གཉིས་ཀྱི་རྨང་རྡོ་བཞེངས་རྒྱུ་ཡིན་པའང་རེད་འདུག།   དེའང་སྲང་ལམ་གཉིས་པོ་ནི་ཐནེ་ནས་བིཝཱནཌི་ནས་ལཱལཡཱན་མེ་ཊི་རོ་དང་ཌཱཧིསཱར་ནས་མིརཱ་ནས་བྷཱཡཱནདཱར་མེ་ཊི་རོ་ཡིན་པ་རེད་འདུག།