ཧིམཱཅལ་པྲཱཌེཤ་མངའ་སྡེའི་ནང་དུ་གངས་ཤུགས་འབྲིང་བ་མས་ཤུགས་ཆེན་པོའི་དབར་རྒྱབ་སྲིད་པའི་སྐོར།

རྒྱ་གར་གནམ་གཤིས་ཚན་པས་ཧིམཱཅལ་པྲཱཌེཤ་མངའ་སྡེའི་ནང་དུ་ཉིན་གཉིས་ཀྱི་རིང་གངས་ཤུགས་འབྲིང་བ་མས་ཤུགས་ཆེན་པོའི་དབར་རྒྱབ་སྲིད་པའི་སྐོར་གསུངས་འདུག།

དེའང་དེ་སྔོན་ཧིམཱཅལ་པྲཱཌེཤ་མངའ་སྡེའི་ནང་དུ་ཆར་པ་རྒྱབ་པ་དང་ས་གནས་མཐོ་སར་གངས་རྒྱབ་པས་གནམ་གཤིས་གྲང་དུ་འགྲོ་ཡོད་པ་རེད་འདུག།

དེའང་ཤིམལཱ་དང་མཱནཱལི་ལ་ཆར་པ་རྒྱབ་ཡོད་པ་དང་ཀིནཽར་ས་ཁུལ་གྱི་ཀཱལཔཱ་དང་ཅིཏྐུལ་དང་གཞན་ལཱཧོལ་སྤིཏི་ས་ཁུལ་དུ་ཡོད་པའི་ཀེལོང་ས་གནས་སུ་དགུན་ཁའི་གངས་ཐེངས་དང་པོ་དེ་རྒྱབ་ཡོད་པ་རེད་འདུག།