ཉེ་འོང་གི་ཕྱི་སྲིད་བློན་ཆེན་མཆོག་དེ་རིང་རྒྱལ་ས་ལྡི་ལིར་ཕེབས་རྒྱུ་ཡིན་པ།

ཉི་འོང་གི་ཕྱི་སྲིད་བློན་ཆེན་ཏཱརོ་ཀོནོ་མཆོག་དེ་རིང་རྒྱལ་ས་ལྡི་ལིར་ཉིན་གསུམ་གྱི་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག།   དེའང་ཕྱི་སྲིད་བློན་ཆེན་མཆོག་གིས་འཚམས་གཟིགས་སྐབས་སུ་རང་རེའི་ཕྱི་སྲིད་བློན་ཆེན་སུཤམཱ་སྭཱརཱཇ་མཆོག་དང་མཇལ་ཕྲད་གནང་རྒྱུ་ཡིན་པ་རེད་འདུག།   ཁོང་གིས་ད་དུང་ཡོང་རྒྱུའི་རེས་གཟའ་མིག་དམར་ལ་རྒྱ་གར་ཉི་འོང་མཐུན་གྲོགས་འདུན་སར་མཉམ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག།

ད་དུང་ཨོ་སི་ཊེ་ལི་ཡའི་ཕྱི་སྲིད་བློན་ཆཉན་མ་རི་སི་པེན་མཆོག་གིས་ཀྱང་རྒྱ་གར་ལ་དེ་རིང་ཉིན་གསུམ་གྱི་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག།   ཁོང་གི་འཚམས་གཟིགས་སྐབས་སུ་ཕྱི་སྲིད་བློན་ཆེན་སུཤམཱ་སྭཱརཱཇ་མཆོག་དང་དཔལ་འབྱོར་བློན་ཆེན་ཨཱརུན་ཇེཊལི་མཆོག་དང་སྲུང་སྐྱོབ་བློན་ཆེན་ནིརམཱལཱ་སིཏཱརཱམན་མཆོག་གི་ལྷན་དུ་མཇལ་ཕྲད་གནང་རྒྱུ་ཡིན་པ་རེད་འདུག།   བློན་ཆཉན་མཆོག་གིས་ད་དུང་རེས་གཟའ་ལྷག་པར་རེ་སི་ན་གྲོས་མོལ་ཚོགས་རྒྱུ་ཡིན་སར་ཡང་མཉམ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག།