དེ་རིང་གཞུང་གིས་གྲོས་ཚོགས་འོག་མའི་ནང་དུ་བསྐྱར་བཅོས་བྱེད་པའི་མི་སེར་ཐོབ་ཐང་གི་བསྒྱུར་བཅོས་ཀྱི་གྲོས་འཆར་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ།

དེ་རིང་ནང་སྲིད་བློན་ཆེན་སྐུ་ཞབས་རཱཇནཱཐ་སིགཾ་མཆོག་གིས་གྲོས་ཚོགས་འོག་མའི་ནང་དུ་བསྐྱར་བཅོས་བྱེད་པའི་མི་སེར་ཐོབ་ཐང་གི་བསྒྱུར་བཅོས་ཀྱི་གྲོས་འཆར་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་འདུག།

དེའང་བསྐྱར་བཅོས་བྱེད་པའི་མི་སེར་ཐོབ་ཐང་གི་བསྒྱུར་བཅོས་ཀྱི་གྲོས་འཆར་དེ་དབུས་བློན་ཆེན་ལྷན་ཚོགས་ཀྱིས་བཀའ་ཁྲོལ་གནང་ཡོད་པ་དང་དེའི་ནང་དུ་བཱགཾལཱཌེཤ་དང་ཨཱཕགཱནིསྟཱན་དང་པཱཀིསྟཱན་རྒྱལ་ནང་ནས་ཡིན་པའི་ཁ་ཆེ་མིན་པ་ཚོར་རྒྱ་གར་གྱི་མི་སེར་གྱི་ཐོབ་ཐང་བསྩལ་རྒྱུ་ཡིན་པ་རེད་འདུག།