ཁྲིམས་མཁང་མཐོ་ཤོས་ཀྱིས་ཨཱཡོདྱཱ་ས་གཞི་དཀའ་རྙོག་གི་གནང་དོན་ཐོག་ཁྲིམས་ཞིབ་པ་༥ བསྐོ་གཞག་གནང་བ།

ཁས་ས་རེས་གཟའ་མིག་དམར་དུ་ཁྲིམས་མཁང་མཐོ་ཤོས་ཀྱིས་རཱམ་ཇནྨཱབཱུམི་དང་བབརི་མསཇིད་ཨཱཡོདྱཱ་ས་གཞི་དཀའ་རྙོག་གི་གནང་དོན་ཐོག་ཁྲིམས་ཞིབ་པ་༥ བསྐོ་གཞག་གནང་ཡོད་པ་རེད་འདུག།

དེའང་ཁྲིམས་དཔོཇ་ལྷན་ཚོགས་དེ་ནི་ཁྲིམས་ཞིབ་པ་གཙོ་བོ་རནཇན་གོའི་མཆོག་གིས་གཙོ་འཁྲིད་གནང་རྒྱུ་ཡིན་པ་རེད་འདུག།
དེའང་ཁྲིམས་དཔོན་ལྷན་ཚོགས་ཀྱི་ཁྲིམས་དཔོན་གཞན་བཞི་ནི་ཁྲིམས་ཞིབ་པ་ཨེས་ཨེ་བོབཌེ་མཆོག་དང་ཨེན་ཝི་རཱམཱནཱ་མཆོག་དང་ཡུ་ཡུ་ལཱལིཏ་མཆོག་དང་ཌི་ཝེ་ཅཱནཌྲཱཅུཌ་མཆོག་རྣམས་ཡིན་པ་རེད་འདུག།

གནད་དོན་དེའི་ཐོག་ཁྲིམས་དཔོན་ལྷན་ཚོགས་སུ་འདི་ཟླའི་ཚེས་༡༠ ལ་གསལ་བཤད་གནང་རྒྱུ་ཡིན་པ་རེད་འདུག།