གྲོས་ཚོགས་འོག་མའི་ནང་དུ་མི་སེར་ཐོབ་ཐང་གི་ཁྲིམས་བསྒྱུར་བཅོས་ཀྱི་ཁྲིམས་འཆར་ལ་བཀའ་ཁྲོལ་བྱུང་བ།

གྲོས་ཚོགས་འོག་མའི་ནང་དུ་མི་སེར་ཐོབ་ཐང་གི་ཁྲིམས་བསྒྱུར་བཅོས་ཀྱི་ཁྲིམས་འཆར་ལ་བཀའ་ཁྲོལ་བྱུང་ཡོད་པ་རེད་འདུག།   དེའང་བསྐྱར་བཅོས་བྱེད་པའི་མི་སེར་ཐོབ་ཐང་གི་བསྒྱུར་བཅོས་ཀྱི་གྲོས་འཆར་དེ་དབུས་བློན་ཆེན་ལྷན་ཚོགས་ཀྱིས་བཀའ་ཁྲོལ་གནང་ཡོད་པ་དང་དེའི་ནང་དུ་བཱགཾལཱཌེཤ་དང་ཨཱཕགཱནིསྟཱན་དང་པཱཀིསྟཱན་རྒྱལ་ནང་ནས་ཡིན་པའི་ཁ་ཆེ་མིན་པ་ཚོར་རྒྱ་གར་གྱི་མི་སེར་གྱི་ཐོབ་ཐང་བསྩལ་རྒྱུ་ཡིན་པ་རེད་འདུག།
དེའང་དེ་སྔོན་ཕྱི་ལོ་༡༩༥༥ ཁྲིམས་ལྟར་ན་རྒྱལ་ཁོངས་སུ་འཇུག་པས་མི་སེར་ཐོབ་ཆེད་དུ་དོ་དག་རྒྱ་གར་ནང་དུ་འདས་པའི་ཟླ་༡༢ རིང་གནས་ཡོད་པ་དང་འདས་པའི་ལོ་༡༤ ཡི་ནང་ནས་ལོ་༡༡ རྒྱ་གར་ནང་གནས་ཡོད་པ་ཞིག་ལ་ཐོབཐང་དེ་འཇུག་རྒྱུ་ཡིན་པ་རེད་འདུག་ཀྱང་གྲོས་འཆར་དེས་གོང་བཤད་ཀྱི་རྒྱལ་ཁབ་གསུམ་གྱི་ཁ་ཆེ་མིན་པའི་མི་རྣམས་སུ་ལོ་༡༡ དགོས་མཁོ་ནས་ལོ་༦ བར་ལྷོད་བར་གཏོང་ཡོད་པ་རེད་འདུག།