ཇཱམུ་ཀཱཤྨིར་མངའ་སྡེའི་པུཅཾ་ས་ཁུལ་དུ་པཱཀིསྟཱན་དམག་མིས་ཡང་བསྐྱར་མེ་འཕེན་མཚམས་འཇོག་ལ་བརྩི་འཇོག་མ་བྱེད་པས་འཏབ་རྒོལ་བྱས་པ།

ཁས་ས་རེས་གཟའ་ལྷག་པར་ཇཱམུ་ཀཱཤྨིར་མངའ་སྡེའི་པུཅཾ་ས་ཁུལ་དུ་པཱཀིསྟཱན་དམག་མིས་ཡང་བསྐྱར་མེ་འཕེན་མཚམས་འཇོག་ལ་བརྩི་འཇོག་མ་བྱེད་པས་འཏབ་རྒོལ་བྱས་ཡོད་པ་རེད་འདུག།

དེའང་དེ་སྔོན་དེའང་སྲུང་དམག་གནས་ཚུལ་ལྟར་ན་པཱཀིསྟཱན་དམག་མི་ཡིས་རྐྱེན་སློང་གང་ཡང་མེད་པར་རྒྱ་གར་སྲུང་དམག་གི་ས་ཚིགས་དང་གུཔུར་ས་ཁུལ་དུ་ཡོད་པའི་མི་སྐྱའི་གནས་སར་ཁས་ས་ཕྱི་དྲོའི་ཚོུད་༡༠ ལ་འབོམ་དུ་མ་ཤུགས་ཆེན་པོ་འབར་གས་བྱས་ཡོད་སྐོར་གསུངས་འདུག།   ས་མཚམས་སྲུང་དམག་རྣམས་ཀྱིས་དེར་བརྟེན་འབོམ་འཐབ་རྒོལ་ལ་འགོག་ཐབས་ཆེད་དུ་མེ་མདའ་རྒྱབ་དགོས་འཁེལ་བ་དང་དེ་ཚོུད་གཅིག་རིང་གནས་ཡོད་པ་རེད་འདུག་ཀྱང་རང་རེའི་སྲུང་དམག་དང་མི་སྐྱའི་ནང་རྨས་སྐྱོན་ཤོར་བ་དང་སྲོག་ཤོར་བའི་གནས་ཚུལ་ཅིའང་བྱུང་མེད་པ་རེད་འདུག།