དེ་རིང་རྒྱལ་ས་ལྡི་ལིར་དངོས་ཟོག་དང་ཞབས་འདེགས་ཁྲལ་གྱི་ལྷན་ཚོགས་༣༢ པ་ཚོགས་རྒྱུ་ཡིན་པ།

དེ་རིང་རྒྱལ་ས་ལྡི་ལིར་དངོས་ཟོག་དང་ཞབས་འདེགས་ཁྲལ་གྱི་ལྷན་ཚོགས་༣༢ པ་ཚོགས་རྒྱུ་ཡིན་པ་རེད་འདུག།

དེའང་དེ་སྔོན་སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་གིས་ཁས་ས་དངོས་ཟོག་དང་ཞབས་ཞུའི་ཁྲལ་ལ་བསྐྱར་བཟོ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་པ་དང་དེས་ལོངས་སྤྱོད་པ་དང་གཞན་མི་འགྲ་མིན་ལ་ཕན་ཐོགས་བྱུང་གིས་ཡོད་སྐོར་གསུངས་གནང་ཡོད་པ་རེད་འདུག།

དཔལ་འབྱོར་བློན་ཆེན་ཨཱརུན་ཇེཊལི་མཆོག་གིས་དབུས་གཞུང་གིས་རྡོ་སྣུམ་རིགས་ཀྱི་དངོས་ཟོག་རྣམས་དངོས་ཟོག་དང་ཞབས་འདེགས་ཀྱི་ཁྲལ་འོག་བསྡུ་རྒྱུའི་ཐོག་ལ་མུ་མཐུད་ཡོད་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག་   དེའང་ད་ལྟ་གཞུང་གིས་གནད་དོན་དེའི་ཐོག་མངའ་སྡེའི་བསམ་བཞེས་ཀྱི་དགོངས་དོན་རྣམས་བྱུང་བའི་ཆེད་དུ་སྒུག་ཡོད་པ་རེད་འདུག།