ངལ་རྩོལ་བདེ་དོན་ཚོགས་པས་དབྱིན་ཡུལ་ཡུ་རོབ་ནས་ཕྱིར་འཐེན་དཀའ་རྙོག་དེ་མཚམས་འཇོག་ཡོང་བའི་འོས་བསྡུ་བྱེད་དགོས་སྐོར་གསུངས་བ།

ངལ་རྩོལ་བདེ་དོན་ཚོགས་པས་དབྱིན་ཡུལ་ཡུ་རོབ་ནས་ཕྱིར་འཐེན་དཀའ་རྙོག་དེ་མཚམས་འཇོག་ཡོང་བའི་འོས་བསྡུ་བྱེད་དགོས་སྐོར་གསུངས་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་དབྱིན་ཡུལ་གྲོས་ཚོགས་ཀྱིས་དབྱིན་ཡུ་རོབ་ནས་ཕྱིར་འཐེན་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་དང་དབྱིན་ཡུལ་གྱི་སྲིད་བློན་ཐེ་རེ་ས་མེ་མཆོག་གིས་འདི་ཟླའི་ཕྱི་ཚེས་༡༥ ལ་གྲོས་འགྲིག་གནང་རྒྱུ་ཡིན་པ་རེད་འདུག།

གྲོས་ཚོགས་སུ་དབྱིན་ཡུལ་ཡུ་རོབ་ནས་ཕྱིར་འཐེན་ཐོག་གྲོས་བསྡུར་དེ་རིང་ནས་གནང་རྒྱུ་ཡིན་པ་རེད་འདུག་   གྲོས་བསྡུར་དེ་ནི་དེ་སྔོན་ཕྱི་ཟླ་༡༢ ལ་ཁྲིམས་བཟོ་བ་རྒྱ་ཆེར་ཁྱབ་པའི་ཁ་གཏད་བྱུང་བས་བཀག་ཡོད་པ་རེད་འདུག།
དེའང་ཐག་གཅོད་གང་བྱུང་བ་ལ་མ་ལྟོས་པའི་དབྱིན་ཡུལ་གྱི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་འདི་ལོའི་ཕྱི་ཟླ་༣ ཚེས་༢༩ ལ་བྱེད་རྒྱུ་ཡིན་པ་རེད་འདུག།