ཕྱི་སྲིད་བློན་ཆེན་སུཤ་མ་སུ་ཨ་རཇ་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཐུག་འཕྲད་གནང་བ།

༄། ཁས་ས་རྒྱལ་ས་ལྡི་ལིར་ཕྱི་སྲིད་བློན་ཆེན་སུཤ་མ་སུ་ཨ་རཇ་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་པར་དིཔ་ཀུ་མཱར་རྣམ་གཉིས་ཐུག་འཕྲད་གྲོས་མོལ་གནང་འདུག་ དེ་སྔོན་ཕྱི་སྲིད་བློན་ཆེན་སུཤ་མ་སུཨ་རཇ་མཆོག་དང་ཨི་རཱན་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཝེད་ཛ་རིཕ་གཉིས་ཐུག་འཕྲད་གྲོས་མོལ་གནང་འདུག་ རྒྱ་གར་དུ་ཐེངས་དང་པོ་གཞུང་འབྲེལ་མཛད་འཆར་དུ་ཕེབས་པའི་ཨོས་ཀྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་མ་རི་སཱ་པེན་མཆོག་གིས་རེ་སི་ནཱ་གྲོས་མོལ་དུ་རྒྱལ་སྤྱིའི་སྲིད་དོན་གྱི་སླེབས་འབྱོར་ཐོག་བློན་ཆེན་གཏམ་བཤད་གནང་རྒྱུ་ཡིན་འདུག་ ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ར་ཝིཤ་ཀུ་མར་མཆོག་གིས་རྒྱ་གར་དང་ཨོས་ཀྲེ་ལི་ཡ་གཉིས་ནི་རྒྱ་གར་དད་ཞི་བདེ་རྒྱ་མཚོ་ངོས་དང་ཕ་རོལ་གྱི་རོགས་ཟླ་ཡིན་ཞེས་ཏུའི་ཏར་དུ་བྲིས་འདུག་

ལྕམ་སུཨ་རཇ་མཆོག་གིས་མོན་གྷོ་ལི་ཡའི་ཕྱི་སྲིད་བློན་ཆེན་ཇོ་སེཔ་བོ་རཱེལ་ཕོན་ཊེ་ལེས་ལྷན་དུའང་ཐུག་འཕྲད་གནང་འདུག་ བློན་ཆེན་རྣམ་གཉིས་ཀྱིས་ངོས་གཉིས་ཀྱི་ཚོང་ལས་དད་མ་འཛུགས་ རྒྱལ་སྲུང་ བསྐྱར་གསོཐུབ་པའི་ནུས་པ་ལ་སོགས་པའི་ངོས་གཉིས་ཀྱི་འབྲེལ་ལམ་གྱི་གནད་དོན་གལ་ཆེ་ཐོག་གླེང་མོལ་ལེགས་པར་གནང་འདུག་གོ།