སྲིད་བློན་མོ་དྷི་མཆོག་མ་ལེ་ཤི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་དྷ་ཏུཀ་སེ་རི་ཨན་ཝར་ཨིབ་རཱ་འིམ་མཆོག་དང་མཇལ་འཕྲད་གནང་བ།

༄། རེས་གཟའ་ཕུར་བུའི་ཉིན་སྲིད་བློན་མོ་དྷི་མཆོག་དང་མ་ལེ་ཤི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་དང་མ་ལེ་ཤི་ཡའི་ཀེའ་དྷི་ལཱན་རཀ་ཡཱ་སྲིད་དོན་ཚོགས་པའི་འགོ་ཁྲིད་དྷ་ཏུཀ་སེ་རི་ཨན་ཝར་ཨིབ་རཱ་འིམ་མཆོག་དང་མཇལ་འཕྲད་གནང་འདུག་ སྐུ་ཞབས་ཨིབ་རཱ་འིམ་མཆོག་གི་ལྷན་དུ་མ་ལེ་ཤི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་ཀེ་སཱ་ཝན་སུབ་རཱ་མ་ནི་ཡམ་དང་སན་ཐཱ་ར་ཀུ་མར་ར་མཱ་ནའི་གྲུ་གཉིས་ཡང་ཕེབས་ཡོད་འདུག་ སྲིད་བློན་མོ་དྷི་མཆོག་གིས་སྐུ་ཞབས་ཨིབ་རཱ་འིམ་མཆོག་ལ་ཉེ་ཆར་པི་ཨར་ཀེ་སྲིད་དོན་ཚོགས་པའི་འགོ་ཁྲིད་དུ་འོས་འདེམས་བྱུང་བར་འཚམའ་འདྲི་ཞུས་འདུག་

དེབཞིན་སྲིད་བློན་མཆོག་གིས་མ་ལེ་ཤི་ཡར་ལོ་སྔོན་ཟླ་བ་ལྔ་པར་ཐུག་འཕྲད་མཐའ་མ་གཙེས་པོའི་ངང་དྲན་གཟོ་བྱེད་འདུག་ དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་གོང་འཕེལ་གཏོང་བའི་མངའ་ཁུལ་དང་རྒྱལ་སྤྱིའི་དད་ཞེན་ཕན་ནུས་ཅན་གྱི་གནད་དོན་ཐོག་གྲོད་མོལ་ལེགས་པར་གནང་འདུག་ མཐེ་སྲིད་བློན་མོ་ངྷི་མཆོག་གིས་མ་ལེ་ཤི་ཡའི་སྲིད་བློན་མ་ཧཱ་ཐིར་མོ་ཧོ་མདྷ་མཆོག་ལ་འཚམས་འདྲི་སྐྱེལ་བར་འབོད་དོ།