སྲིད་བློན་མོ་དྷི་མཆོག་གིས་ད་ལོའི་རྒྱལ་ཡོངས་འོས་བསྡུར་བི་ཇེ་པི་སྲིད་དོན་ཚོགས་པས་ཁྲིམས་མཐུན་གྱི་མང་མོས་འོས་ཐོབ་ཀྱང་མཉམ་བསྲེ་སྲིད་གཞུང་འདོད་པ།

༄། སྲིད་བློན་མོ་དྷི་མཆོག་གིས་ད་ལོའི་རྒྱལ་ཡོངས་འོས་བསྡུར་བི་ཇེ་པི་སྲིད་དོན་ཚོགས་པས་ཁྲིམས་མཐུན་གྱི་མང་མོས་འོས་ཐོབ་ཀྱང་མཉམ་བསྲེ་སྲིད་གཞུང་འདོད་བཅས་བརྗོད་འདུག་ སྲིད་བློ་་མཆོག་གིས་རེས་གཟའ་ལྷག་པའི་ཉིན་ཏཱ་མིལ་ནཱ་གྲུར་ཚོགས་པའི་ལས་མི་རྣམས་ལ་བརྙན་པར་བརྒྱུང་གཏམ་བཤད་སྐབས་བརྗོད་འདུག་ སྐུ་ཞབས་མོ་དྷི་མཆོག་གིས་ཚོགས་པའི་ལས་མི་ཞིག་གི་མཉམ་བསྲེ་སྲིད་གཞུང་གི་དྲི་ལན་དུ་སྟོབས་ཤུགས་ཅན་གྱི་ཨེན་གྲི་ཨེ་ནི་བི་ཇེ་པི་ཚོགས་པར་དམ་ཚིགས་དང་ཡིད་ཆེས་བཟང་པོ་མཚོན་བཅས་བརྗོད་འདུག་

དེ་སྔོན་སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་ཁས་ས་རེས་གཛའ་ཉི་མའི་ཉིན་ཨན་དཱ་ར་པར་དེཤ་མངའ་སྡེ་ཡི་སྤྱི་ཁྱབ་བློན་ཆེན་ཅན་དཱ་ར་བཱ་བུ་ནའི་གྲུ་མཆོག་གི་རང་རེའི་ནུས་སྟོབས་ཉར་ཚགས་ཆེད་ཀོང་རེ་སི་སྲིད་དོན་ཚོགས་པ་མཉམ་དུ་ཕྱོགས་སྒྲིག་བྱས་པར་སྐྱོན་འཛུགས་གནང་དྲག་པོ་གནང་འདུག་ སྐུ་ཞབས་མོ་དྷི་མཆོག་གིས་ཨ་ནཱན་ཏ་པུར་དང་ཀཱ་ཌ་པཱ་དང་ཀུར་ནུལ་དང་ནཱ་རཱ་ས་རའོ་པེཊ་དང་ཏི་རུ་པཱ་ཏི་འོས་འདེམས་ས་ཁུལ་གྱི་བི་ཇེ་པི་སྲིད་དོན་ཚོགས་པའི་འོས་བསྡུའི་ལས་མི་རྣམས་ལ་བརྙན་འཕྲིན་གཏམ་གླེང་སྐབས་བརྗོད་འདུག་

སྲིད་བློན་མཆོག་གིས་ཨན་དཱ་ར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབ་ཨེན་ཊི་རཱ་མཱ་རའོ་མཆོག་ནི་ཊེལ་གུའི་ཚེ་མཐོང་གི་མངོན་ཚན་ཅན་གྱི་མ་སྣ་ངོ་མ་ཞིག་ཡིན་ཅིང་ཁོ་བོས་ཊེ་ལི་གུ་མི་མང་གི་ཁེ་ཕན་སླུ་བར་ཀོང་རེ་སི་ཚོགས་པ་ལ་དགོངས་ཡང་གཏོང་མེད་པ་བརའཇོད་འདུག་ ཁོ་བོས་སྐུ་ཞབས་ཨེན་ཊི་ཨར་མཆོག་གིས་ཀོང་རེ་སི་མེད་པའི་རྒྱལ་ཁབ་ཀྱི་ལས་འགུལ་སྣེ་ཁྲིད་གནང་ཡང་ད་ལྟའི་ཆར་ཁོ་བོའི་མག་པ་ཡིས་ཀོང་རེ་སི་དང་ཕྱོགས་སྒྲིལ་གནང་བར་ཡིད་སྐྱོ་བ་བརྗོད་དོ།