ཨ་རི་སྲིད་འཛིན་ཊ་རམ་མཆོག་ཨ་རི་མེཀ་སི་ཀོ་ས་མཚམས་སུ་རྩིག་པ་རྒྱག་པའི་ལས་འཆར་དུ་ཕེབས་པ།

༄། ཨ་རི་སྲིད་འཛིན་གྲོ་ནལ་ཊ་རམ་མཆོག་ཁས་ས་ཊེཀ་སེས་མངའ་སྡེའི་མེཀ་ཨེ་ལེན་གྲོང་ཁྱེར་དུ་ཨ་རི་མེཀ་སི་ཀོ་ས་མཚམས་སུ་རྩིག་པ་རྒྱག་པའི་རྩོད་རྙོག་ཅན་གྱི་ལས་འཆར་འབུད་འགོ་ཚུགས་སླད་ཕེབས་ཡོད་འདུག་ དེ་ཡང་ཨ་རི་སྲིད་འཛིན་གྲོ་མལ་ཊ་རམ་མཆོག་གིས་ཀོང་རེ་སིའམ་རྒྱལ་ཡོངས་གྲོས་ཚོགས་ཀྱིས་མེཀ་སི་ཀོ་ས་མཚམས་སུ་རྩིག་པ་རྒྱག་པའི་ལས་འཆར་ཆེད་མ་དངུལ་མ་གཏོང་ཚེ་ལོ་མང་དབུས་གཞུང་ལས་མཚམས་འཇོག་གནང་རྒྱུ་གྲ་སྒྲིག་ཡིན་བཅས་བརྗོད་འདུག་

དབུས་གཞུང་ལས་མཚམས་འཇོག་ནས་སྒོ་རྒྱག་སྟེ་གཟའ་འཁོར་གསུམ་པ་འགྲོ་བཞིན་པས་གཞུང་གི་ལས་བྱེད་འབུམ་བརྒྱད་ཉེ་འཁོར་ལ་ལོ་སྔོན་མའི་ཟླ་བ་བཅུ་གཉིས་པའི་ཚེས་༢༢ ནས་གླ་ཆ་མེད་པའི་གནོད་རྐྱེན་བཟོས་ཡོད་འདུག་ དེ་ཡང་ཌེ་མོ་ཀེ་རེཏ་ཡིས་དབང་སྒྱུར་བྱེད་པའི་ཨ་རི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་སྲིད་འཛིན་ཏ་རམ་གྱི་མེཀ་སི་ཀོ་ས་མཚམས་སུ་རྩིག་པ་རྒྱག་པའི་མངོན་འདོད་ཅན་གྱི་ལས་འཆར་ལ་དགོས་པའི་ཨ་རི་གྲོ་ལར་ཐེར་འབུམ་༥.༦ མ་དངུལ་བཀའ་འཁྲོལ་གཏོང་མེད་འདུག་གོ།