ཡོ་རོབ་ནས་དབྱིན་ཡུལ་ཕྱིར་འཐེན་བྱེད་རྒྱུ་ནི་ལྕམ་མེ་གཞུང་གྱི་རྩོད་ལེན།

ནི་ཆབ་སྲིད་ཀྱི་འཁྲབ་སྟོན་འོག་དབྱིན་ཡུལ་གྱི་སྲིད་བློན་ཊྲི་རི་ས་མེ་ལ་དཀའ་རྙོག་བཟོ་བཞིན་ཡོད་པ་ནི་དབྱིན་ཡུལ་འདི་ཡོ་རོབ་ནས་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་ལས་ཕྱིར་འཐེན་བྱེད་དགོས་པའི་བཀའ་འཁྲོལ་ཐོབ་ཡོད། དབྱིན་ཡུལ་གྲོས་ཚོགས་ནས་འོས་མི་༣༠༣ནས་༢༩༦ཡི་བདུན་ཕྲག་དེའི་ནང་དུ་དཔལ་འབྱོར་གྱི་ཁྲིམས་འཆར་ལེགས་བཅོས་དགོས་པའི་འོས་འདེམས་གནང་ཡོད། མེ་གཞུང་ནས་ཕམ་ཉེས་ཐོག་ལ་བཀའ་མོལ་གནང་རྒྱུའི་འབད་བརྩོན་གནང་ཡོད་ཡིན་ནའང་གཞུང་ལ་སང་ཉིན་ཡང་ཕམ་ཉེས་ཉིན་མོ་ཞིག་ཆགས་ཀྱི་ཡོད། བྱས་ན་ ད་ལྟའི་འཆར་གཞི་ངོས་ལེན་མི་བྱེད་པ་ན་གྲོས་ཚོགས་ནས་འོས་འདེམས་གནང་རྒྱུ་གལ་ཆེ་འཛིན་གྱི་ཡོད།་

ལྕམ་མེ་མཆོག་ནས་ཐག་གཅོད་ཕྱིར་འཕེན་བྱེད་རྒྱུའི་འོས་བསྡུས་ཟླ་བ་༡༢པའི་ནང་ཚོགས་རྒྱུ་ཡིན་པ་དེ་ལ་ཕྱིར་འགྱང་གཏང་ཡོད། ད་ླཏ་ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་དང་པོའི་ཚེས་༡༥ཉིན་འོས་བསྡུས་བྱེད་རྒྱུ་ཡིན་པའི་རྟེན་འབེབ་གནང་ཡོད། དབྱིན་ཡུལ་རྒྱལ་ཁབ་ཀྱི་རྒྱབ་བསྐྱོར་ཐོབ་པའི་རྗེས་སུ་ནས་ཡོ་རོབ་རྒྱལ་ཁབ་ནས་དབྱིན་ཡུལ་ཕྱིར་འཐེན་བྱེད་རྒྱུ་གྲོས་གཅོད་རྒྱུད་དབྱིན་ཡུལ་རྒྱལ་ཁབ་དེ་ཡོ་རོབ་ནས་ཚོང་དང་མི་མང་གྱི་ཐོབ་ཐང་སོགས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན།

སྲིད་བློན་ལྕམ་མེ་མཆོག་ནས་སོ་སོའི་ཚོགས་པ་དང་ཁ་ཕྱོགས་སུ་རྒྱབ་བསྐྱོར་འཚོལ་ཞིབ་ཆེད་དུ་བདུན་ཕྲག་གསུམ་ལས་ལྷག་མེད། ཡིན་ན་འང་མོ་རང་གྲོས་ཚོགས་ནས་རྒྱབ་བསྐྱོར་ཐོབ་རྒྱུའི་རེ་བ་མེད། མེ་གཞུང་འཛིན་གྱི་ཐག་གཅོད་རྟེན་འབེབ་ཡོང་རྒྱུ་ཆེད་དུ་རྙེན་ཞེན་ཚོགས་པ་ནུབ་ཨི་རིཤ་དམངས་གཙོ་མཐུན་གྲོགས་ཚོགས་པ་ནས་རྒྱབ་བསྐྱོར་གནང་ཡོད། ནུབ་ཨི་རིཤ་དམངས་གཙོ་མཐུན་གྲོགས་ཚོགས་པ་ནས་ཐག་གཅོད་དེའི་རྒྱུད་ནས་འགྱུར་པ་དགོས་པའི་རེའདུན་སྟོན་ཡོད། ལྕམ་མེ་མཆོག་ནས་ཡོ་རོབ་རྒྱལ་ཁབ་མཉམ་དུ་གྲོས་མོལ་བསྐྱར་འདབས་གནང་རྒྱུ་ནི་གལ་ཆེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་རེ་བ་བྱེད་བཞིན་ཡོད། ཡིན་ནའང་ཡོ་རོན་མཐོན་གྲོགས་ནས་ཐག་གཅོད་དེའི་ཐོག་ལ་གྲོས་བསྡུར་སྐྱར་འདེབས་བྱེད་རྒྱུ་མིན་པ་རྣམ་པ་སྟོན་ཡོད།

སྲིད་བློན་མཆོག་ནས་འཁོར་ཡུག་དང་ལས་ཀའི་ཐོབ་ཐང་ཐོག་ཡར་རྒྱས་གཏོང་རྒྱུ་ཡིན་པ་དང་ཚོང་གྱི་མཐུན་ཚོགས་དང་ངན་རྩོལ་རྣམས་སུ་རྒྱབ་བསྐྱོར་བྱེད་རྒྱུ་དམ་བཅའ་འཕུལ་ཡོད་ཡིན་ནའང་རྒྱབ་སྐྱོར་བྱེད་མཁན་ཉྱུང་ཤས་ལས་མེད། ངལ་རྩོལ་བདེ་དོན་ཚོགས་པ་ནས་གཞུང་ལ་འོས་བསྡུས་གནང་བའི་རེ་བ་ཡོད། དེའི་ཁ་ཕྱོགས་ཀྱི་དབུ་འཁྲེད་ཇི་རི་ཀོར་མཆོག་ནས་འོས་བསྡུས་རྣམ་པ་གསར་པ་གནང་དགོས་པ་དང་མི་མང་རང་ནས་ཐོག་གཅོད་གཅོད་རྒྱུ་སྐོར་བརྗོད་འདུག། ཚོད་དཔག་བྱེད་པ་ཞིག་ན་རྒྱལ་ཁབ་ཀྱི་འོས་བསྡུས་རྒྱུད་དབྱིན་ཡུལ་དེ་ཡོ་རོབ་ནས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་མེད་པ་ཆགས་རྒྱུ། རྒྱ་གར་ནས་གནས་སྟངས་དེ་ག་འདྲ་ཞིག་ཡོང་རྒྱུ་ཡིན་མིན་ཐོག་ལྟ་བཞིན་ཡོད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུས་མ་མཆོག་ནས་རྒྱ་གར་གྲོས་ཚོགས་གོང་མའི་ནང་དུ་གནད་དོན་དེའི་རྒྱུད་ནས་རྒྱ་གར་ལ་དཀའ་ངལ་འཕྲད་ངེས་ཡོད་པའི་ལན་འདེམས་གནང་ཡོད། རྒྱ་གར་རྟེན་གཞི་བྱས་པའི་དབྱིན་ཡུལ་ཚོགས་པའི་སྐུ་ཞབས་རུ་ཅི་ནས་རྒྱ་གར་དང་དབྱིན་ཡུལ་དབར་དུ་འབྲེལ་བ་སྙིང་པ་ཡིན་པ་དང་ད་ལྟའི་གནས་དོན་ལ་མ་བལྟ་པར་རྒྱ་གར་དང་དབྱིན་ཡུལ་བར་དུ་འབྲེལ་བ་མུ་མཐུད་གནས་རྒྱུ་ཡིན་ལུགས་བཤད་ཡོད།མ་འོངས་པ་དབྱིན་ཡུལ་ནས་རྒྱ་གར་མཉམ་དུ་དཔལ་འབྱོར་གྱི་འབྲེལ་བ་རྒྱ་བསྐྱད་གཏོང་རྒྱུ་ཡིན་པ་དང་རྒྱ་གར་ནི་དབྱིན་ཡུལ་གྱི་ཚོང་གྲོགས་ཆེ་ཤོས་གྲས་སུ་ཡིན་ལུགས་ཡང་བརྗོད་ཡོད། རྒྱལ་ཁབ་གཉིས་བར་དུ་ཤེས་ཡོན་ ཚན་རྕལ་དང་བཟོ་ལས་ཞིབ་འཇུག་ གསར་བསྟོད་དང་མཉམ་འབྲེལ་ཐོག་ལ་འབྲེལ་ལམ་ཡོད་པ་རེད།

 ལོ་བཅུ་ཕྲག་བཞི་གོང་ནས་དབྱིན་ཡུལ་དང་ཡོ་རོབ་དབར་ལ་འབྲེལ་བ་ཡོད་པ་དང་ལྕམ་མེ་ཕྱི་ལོ་༢༠༡༦ལོར་སྲིད་བློན་ཐོབ་པ་ནས་བཟུང་དབྱིན་ཡུལ་དེ་ཡོ་རོབ་ནས་ཕྱིར་འཐེན་བྱེད་རྒྱུ་འབད་བརྩོན་གནང་ཡོད་པ་དང་མཉམ་དུ་ཡོ་རོབ་མཉམ་དུ་དཔལ་འབྱོར་འབྲེལ་བ་ཤུགས་ཆེ་ཉར་རྒྱུའི་བྱས་ཡོད་པ་རེད། ཡིན་ནའམ་འོངས་པ་དབྱིན་ཡུལ་དང་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་དུ་ངེས་མེད་ཡིན་པ་ལ་རྟེན་ནས་མོ་རང་ལ་གྲོས་ཚོགས་ཀྱི་རྒྱབ་བསྐྱོར་ཐོབ་མེད།

མ་དཔེ།         དི་ནོཇ་ཀུ་མར་ཨུ་པ་དི་ཡ།         ཡོ་རོབ་ཀྱི་ཐོག་འཐབ་ཇུས་དཔྱད་ཞིབ་པ།