སྲིད་བློན་ནཱརེནདྲཱ་མོདི་མཆོག་གིས་སང་ཉིན་ཇཱམུ་ཀཱཤྨིར་མངའ་སྡེར་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ།

སྲིད་བློན་ནཱརེནདྲཱ་མོདི་མཆོག་གིས་སང་ཉིན་ཇཱམུ་ཀཱཤྨིར་མངའ་སྡེའི་ས་ཁུལ་གསུམ་ཀར་ལས་གཞི་དུ་མའི་རྨང་རྡོ་བཞེངས་རྒྱུའི་ཆེད་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག།   དེའང་སྲིད་བློན་མོདི་མཆོག་གིས་ཉིན་གཅིག་རིང་གི་འཚམས་གཟིགས་སྐབས་རྒྱལ་ས་ལེ་དང་ཇཱམུ་ཀཱཤྨིར་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་ཧིན་སྒོར་བྱེ་བ་༣༥༠༠༠ ཙམ་གྱི་ལས་གཞིའི་རྨང་རྡོ་བཞེངས་རྒྱུ་ཡིན་པ་དང་ཧིན་སྒོར་བྱེ་བ་༩༠༠༠ ཙམ་གྱི་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་འདུག།