སྲིད་འཛིན་གཞོན་པ་ཨེམ་ཝེནཀཱཡཱ་ནཻཌུ་མཆོག་གིས་གསར་འགོད་པར་གཞུང་དང་མི་མང་དབར་མཐུན་འགྱུར་བྱེད་དགོས་སྐོར་གསུངས་བ།

སྲིད་འཛིན་གཞོན་པ་ཨེམ་ཝེནཀཱཡཱ་ནཻཌུ་མཆོག་གིས་གསར་འགོད་པར་གཞུང་དང་མི་མང་དབར་མཐུན་འགྱུར་བྱེད་དགོས་པ་དང་མི་མང་རྣམས་སུ་ཉེ་སྙོམ་དྲང་བདེན་ཐོབ་དགོས་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།

དེའང་སྲིད་འཛིན་གཞོན་པ་མཆོག་གིས་ཀེརེལཱ་མངའ་སྡེའི་ནང་གི་ཀོལླཱམ་གསར་འགོད་ཚོགས་པའི་ལོ་༥༠ འཁོར་བའི་དུས་དྲན་གྱི་དབུ་འབྱེད་གནང་སྐབས་ཁོང་གིས་རྐྱེན་ངན་རྣམས་སུ་དོ་དབྱིངས་བྱེད་པ་ལས་ལྷག་པ་ཡར་རྒྱས་གོང་འཕེལ་གྱི་ཐོག་གནས་ཚུལ་ཁྱབ་སྤེལ་བྱེད་པའི་སྐོར་གསུངས་འདུག།
ད་དུང་སྐུ་ཞབས་ནཻཌུ་མཆོག་གིས་ལོ་ཁ་ཤས་ཀྱི་ནང་དུ་གསར་འགོད་པའི་གྲོམ་གཞི་ལ་སྒྱུར་བ་ཤུགས་ཆེན་པོ་འགྲོ་ཡོད་པའི་སྐོར་གསུངས་འདུག།