མོ་ནེ་ཀོ་རྒྱལ་ཁབ་ཀྱི་དབུ་འཁྲིད་རྒྱལ་སྲད་ཨེལ་བར་ཊི་གཉིས་པ་མཆོག་དེ་རིང་རྒྱལ་ས་ལྡི་ལིར་འབྱོར་རྒྱུ་ཡིན་པ།

མོ་ནེ་ཀོ་རྒྱལ་ཁབ་ཀྱི་དབུ་འཁྲིད་རྒྱལ་སྲད་ཨེལ་བར་ཊི་གཉིས་པ་མཆོག་དེ་རིང་རྒྱལ་ས་ལྡི་ལིར་བདུན་ཕྲག་གཅིག་རིང་གི་འཚམས་གཟིགས་ཀྱི་ཆེད་དུ་འབྱོར་རྒྱུ་ཡིན་པ་རེད་འདུག།   དེའང་རྒྱལ་སྲས་ཨེལ་བར་ཊི་མཆོག་གིས་དེ་རིང་གི་རྒྱ་གར་དང་མོ་ནེ་ཀོ་ཚོང་འབྲེལ་གྱི་ཚོགས་འདུ་དང་དེའི་རྗེས་སུ་ནུས་ཤུགས་དང་གནམ་གཤིས་ཀྱི་ཐོག་སྒོར་གྲལ་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག།

རྒྱལ་སྲས་མཆོག་གིས་ད་དུང་སང་ཉིན་སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་དང་སྲིད་བློན་ནཱརེནཌྲཱ་མོདི་མཆོག་དང་མཇལ་ཕྲད་གནང་རྒྱུ་ཡིན་པ་རེད་འདུག།   བློན་ཆེན་སུཤམཱ་སྭཱརཱཇ་མཆོག་གིས་ཀྱང་རྒྱལ་སྲས་ཨེལ་བར་ཊི་མཆོག་དང་མཇལ་ཕྲད་གནང་རྒྱུ་རེད་འདུག།