དབུས་ཀྱིས་ས་མཚམས་སྟགས་འཛིན་ཐོག་བར་སྣང་འཕྲུལ་ཆས་བེད་སྤྱོད་བྱེད་ཆོག་པའི་བཀའ་ཁྲོལ་གནང་བ།

དབུས་ཀྱིས་ས་མཚམས་སྟགས་འཛིན་ཐོག་བར་སྣང་འཕྲུལ་ཆས་བེད་སྤྱོད་བྱེད་ཆོག་པའི་བཀའ་ཁྲོལ་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་ཇ་མུ་ཡི་ས་མཚམས་ཉེན་སྲུང་དམག་དཔུང་གི་སྤྱི་ཁྱབ་ཡིག་ཚང་དུ་ནང་སྲིད་བློན་ཆེན་རཇ་ནཐ་སིང་མཆོག་གིས་རྒྱ་གར་པ་ཀིས་ཐཱན་ཇ་མུ་ས་མཚམས་སུ་ཉེན་སྲུང་ལམ་ལུགས་ནུས་ལྡན་དང་སྟོབས་ཤུགས་ཆེ་རུ་གཏོང་བར་སཱ་མཊ་ཉེན་སྲུང་ལས་གཞི་གསར་པ་ཐོག་མ་གསར་གཏོད་དབུ་འབྱེད་གནང་འདུག་

སཱ་མཊ་ར་སྐོར་གྱིས་འཕྲུལ་ཆས་འདྲ་མིན་བེད་སྤྱོད་བྱེད་དེ་ས་མཚམས་སུ་་གསང་ཞིབ་མྱུལ་ལྟ་དང་འབྲེལ་ལམ་དང་གནས་བསྡུས་ཉར་འཇོག་ལ་ཕན་ནུས་ཆེན་པོ་སྒྲུབ་ཐུབ་ཀྱིས་ཡོད་འདུག་  སྔོན་འགྲོའི་ལས་འཆར་གྱིས་འོད་ཟེར་ཕར་མདའ་ཡིས་རཱ་བ་འཕེན་དང་ས་མཚམས་ངོས་སུ་གཉོད་ཆུང་བའི་བར་སྟོང་རྣམས་ཁེངས་བར་ཕན་ནུས་ཆེན་པོ་སྒྲུབ་ཐུབ་ཀྱིས་ཡོད་འདུག་གོ།