དབུས་ཐགས་རས་བློན་ཆེན་ལྷན་ཚོགས་ཀྱིས་དེ་རིང་རྒྱལ་ས་ལྡི་ལིར་གྲུལ་རྩིའི་མཛད་སྒོ་རྒྱ་ཆེན་ཞིག་ཚོགས་རྒྱུ་ཡིན་པ།

དབུས་ཐགས་རས་བློན་ཆེན་ལྷན་ཚོགས་ཀྱིས་དེ་རིང་རྒྱལ་ས་ལྡི་ལིར་གྲུལ་རྩིའི་མཛད་སྒོ་རྒྱ་ཆེན་ཞིག་ཚོགས་རྒྱུ་ཡིན་པ་རེད་འདུག།

དེའང་དེ་སྔོན་ཐགས་རེས་ལས་དོན་གྱི་བློན་ཆེན་སྨྲིཏི་ཨིརཱནི་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་ལ་ཐགས་རེས་སྡེ་ཚན་ཐོག་ཡར་རྒྱས་དང་དེང་རབས་དང་མཐུན་པ་བཟོ་རྒྱུའི་འཆར་གཞི་ལ་གལ་ཆེ་ཤོས་བརྩི་ཡིས་ཡོད་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག་   དེའང་ཁས་ས་རྒྱལ་ས་ལྡི་ལིར་བློན་ཆེན་སྨྲིཏི་ཨིརཱནི་མཆོག་གིས་གསར་འགོད་པར་ལས་འགུལ་དེས་གླ་ལས་མང་དུ་གཏོང་རྒྱུ་ཡིན་པ་དང་དམིགས་བསལ་བྱང་ཤར་ཁུལ་གྱི་བུད་མེད་རྣམས་སུ་ཕན་ཐོགས་བྱུང་རྒྱུ་ཡིན་པ་དང་ས་ཁུལ་དེར་ཨར་ལས་འཛུགས་བསྐྲུན་གྱི་ལས་གཞི་ལའང་ཡར་རྒྱས་ཤུགས་ཆེན་དུ་འགྲོ་རྒྱུ་ཡིན་པ་རེད་འདུག།