སྲིད་བློན་མོདི་མཆོག་གིས་ཨཱསཱམ་དང་ཨཱརུནཱཅལ་པྲཱཌེཤ་དང་ཊྲིཔུརཱ་མངའ་སྡེའི་ནང་དུ་ལས་གཞི་དུ་མའི་དབུ་འབྱེད་གནང་རྒྱུ་ཡིན་པ།

སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་ཨཱསཱམ་དང་ཨཱརུནཱཅལ་པྲཱཌེཤ་དང་ཊྲིཔུརཱ་མངའ་སྡེའི་ནང་དུ་ལས་གཞི་དུ་མའི་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་འདུག།

དེའང་ཁས་ས་སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་ནང་དུ་་ཨཱསཱམ་དང་ཨཱརུནཱཅལ་པྲཱཌེཤ་ལ་མཛད་སྒོ་དུ་མའི་ནང་དུ་མཉམ་བཞུགས་གནང་རྒྱུ་ཡིན་པ་དང་མངའ་སྡེ་དེ་རྣམས་ཀྱི་མི་མང་གི་ལྷན་དུ་མཇལ་ཕྲད་གནང་འདོད་ཡོད་སྐོར་གསུངས་་འདུག།

དེ་སྔོན་ནང་སྲིད་བློན་ཆེན་རཱཇནཱཐ་སིགཾ་མཆོག་གིས་རྒྱལ་ཁབ་ཡར་རྒྱས་འགྲོ་ཆེད་དུ་བྱང་ཤར་ཁུལ་གོང་འཕེལ་འགྲོ་རྒྱུ་ནི་གལ་གནད་ཡིན་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།   རྒྱལ་ས་ལྡི་ལིར་ཚོགས་པའི་ནེས་ཊི་ཕེས་ཊི་མཛད་སྒོར་རྒྱལ་ས་ལྡི་ལིར་བྱང་ཤར་ནས་སླེབས་པའི་སློབ་མ་གསར་པ་རྣམས་སུ་དགའ་བསུ་ཞུ་ཡོད་པ་དང་དེར་བློན་ཆེན་མཆོག་གིས་ད་དུང་ནཱརེནཌྲཱ་མོདི་གཞུང་གིས་ས་ཁུལ་དེར་འབྲེལ་ལམ་དང་འགྲིམ་འགྲུལ་སོགས་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་ཡང་གསུངས་འདུག།