ཅི་ནུག་ལྗིད་ཚད་ཆེ་བ་འོར་འདྲེན་བྱེད་ཐུབ་མཁན་གྱི་ཐད་འཕུར་གནམ་གྲུ་༡༥ ནས་དང་པོ་དེ་རྒྱ་གར་ལ་འབྱོར་བ།

རྒྱ་གར་གནམ་དམག་གི་ཆེད་བསྔགས་བྱེད་པའི་ཅི་ནུག་ལྗིད་ཚད་ཆེ་བ་འོར་འདྲེན་བྱེད་ཐུབ་མཁན་གྱི་ཐད་འཕུར་གནམ་གྲུ་༡༥ ནས་དང་པོ་དེ་རྒྱ་གར་ལ་ཁས་ས་འབྱོར་ཡོད་པ་རེད་འདུག།   དེའང་CH-47F (I) ཐད་འཕུར་གནམ་གྲུ་དེ་གུཇཱརཱཏ་མངའ་སྡེའི་ནང་དུ་ཡོད་པའི་མུནཌྲཱ་གྲུ་གཟིང་འབབ་ཚུགས་སུ་སླེབས་པ་དང་ཅཱནདིགཱར་རྒྱལ་སར་ཡོད་པའི་གནམ་དམག་འབབ་ཚུགས་སུ་འོར་འདྲེན་བྱེད་རྒྱུ་ཡིན་པ་རེད་འདུག།

དེའང་ཅི་ནུག་ཐད་འཕུར་གནམ་གྲུ་བཟོས་མཁན་གྱི་བཟོ་གྲྭ་བོ་ཡེང་གིས་ཐད་འཕུར་གནམ་གྲུ་དེས་རྒྱ་གར་གནམ་དམག་གི་མཁའ་ལྡིང་གི་འོར་འདྲེན་གྱི་ནུས་པ་ཡར་རྒྱས་ཤུགས་ཆེན་པོ་གཏོང་ཐུབ་པ་དང་དེས་ལྗིད་ཚད་ཊོན་༡༠ འོར་འདྲེན་བྱེད་ཐུབ་ཀྱི་ཡོད་པ་རེད་འདུག།