ཇཱམུ་ཀཱཤྨིར་མངའ་སྡེའི་ཀུལགཱམ་ས་ཁུལ་དུ་གདོང་ཐུག་འཐབ་རྒོལ་གྱི་ནང་དུ་འཇིག་སྐུལ་པ་ལྔ་གསོད་ཡོད་པ།

ཁས་ས་རེས་གཟའ་ཉི་མར་ཇཱམུ་ཀཱཤྨིར་མངའ་སྡེའི་ཀཱཤྨིར་ལྷོ་ཁུལ་གྱི་ཀུལགཱམ་ས་ཁུལ་དུ་གདོང་ཐུག་འཐབ་རྒོལ་གྱི་ནང་དུ་འཇིག་སྐུལ་པ་ལྔ་གསོད་ཡོད་པ་རེད་འདུག།

དེའང་དེ་སྔོན་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཀུལགམ་ས་ཁུལ་གྱི་ཅོགཱམ་ས་གནས་སུ་སྔ་དྲོར་སྲུང་སྐྱོབ་དམག་མིས་འཇིག་སྐུལ་པ་གསུམ་ལ་མེ་མདའ་རྒྱབ་སྟེ་གསོད་ཡོད་པ་དང་མེ་མདའ་ཡི་འཐབ་རྒོལ་ད་ལྟའང་འགྲོ་བཞིན་ཡོད་པ་རེད་འདུག།

ད་དུང་ཇཱམུཀཱཤྨིར་མངའ་སྡེའི་ནང་དུ་ཡོད་པའི་ལྷོ་ཀཱཤྨིར་ཀུལགཱམ་ས་ཁུལ་གྱི་ཁུཌཝཱནི་ཝཱནཔོ་ས་གནས་སུ་དྲག་སྤྱོད་པ་འཐབ་རྒོལ་གྱི་ལས་འགུལ་འགྲོ་བཞིན་པའི་ནང་དུ་སྲུང་སྐྱོབ་པ་༣ ལ་རྨས་སྐྱོན་ཤོར་ཡོད་པའི་སྙན་སེང་བྱུང་ཡོད་པ་རེད་འདུག་   དེའང་མེ་མདའ་ཡི་འཐབ་རྒོལ་དེ་ནི་ཁས་ས་ཕྱི་དྲོར་དྲག་སྤྱོད་པ་ངོས་བཟུང་བྱེད་མ་ཐུབ་པའི་ལྷན་དུ་བྱུང་ཡོད་པ་རེད་འདུག།