རྒྱ་ནག་དོན་མེད་ངོ་རྒོལ།

ཚོད་དཔག་ལྟར། སྲིད་བློན་ན་རེནྡྲ་མོ་དྷི་མཆོག་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་གི་སེ་ལ་ཞེས་པར་སྦུག་ལམ་འཛུགས་བསྐྲུན་དབུ་འབྱེད་ཆེད་དུ་ཕེབས་པ་དེར་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད། རྒྱ་ནག་གི་ངོ་རྒོལ་དེ་གསར་པ་ཞིག་མ་ཡིན་པར་རྒྱུན་གཏན་གྱི་གནས་ཚུལ་ཞིག་ཆགས་ཡོད།

ངོ་རྒོལ་འདི་དག་གསར་པ་གང་ཡང་མ་ཡིན་པར་དེ་སྔ་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་ལ་ཨ་རུ་ན་ཅལ་ལ་མངའ་སྡེའི་གནས་བབ་སྤྲད་པའི་རྗེས་ནས་ལོ་ལྟར་འཆར་ཅན་ཡོང་གི་ཡོད་པ་རེད། སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༢ ནང་སྐུ་ཞབས་མོ་དྷི་མཆོག་ཨ་རུ་ན་ཅལ་དུ་མེ་འཁོར་བབ་ཚུགས་ཤིག་དང་ཆུ་གློག་ལས་འཆར་ཞིག་གི་རྨང་རྡོ་འདིང་རྒྱུ་བཅས་ཀྱི་ཕྱིར་དུ་ཕེབས་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པས་ཕེབས་བསྐྱོད་དེར་འདོད་བློ་མ་ཁེངས་ཚུལ་བཤད་པ་དང་ངོ་རྒོལ་ཤུགས་ཆེ་བྱས་ཡོད། སྐབས་དེར་ངོ་རྒོལ་ཆེད་དུ་རྒྱ་ནག་ཏུ་ཡོད་པའི་རྒྱ་གར་གྱི་ཆེས་མཐོའི་སྐུ་ཚབ་མཆོག་འབོད་བཀུག་བྱས་ཡོད། སྤྱི་ལོ་ ༢༠༡༧ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་དུ་ཆིབས་བསྒྱུར་གནང་སྐབས་ཀྱང་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད། དེ་མཚུངས། སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༢ ནང་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་སླར་ཡང་མངའ་སྡེ་དེར་ཕེབས་གནང་བ་དང་དེ་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད། དེ་སྔའི་ཕྱི་སྲིད་བློན་ཆེན་པྲ་ནབ་མུ་ཁར་ཇི་མཆོག་སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་དུ་ཕེབས་ནས་མངའ་སྡེ་ནས་འོས་འདེམས་བྱས་པའི་འཐུས་མི་གཉིས་རྒྱ་གར་གྲོས་ཚོགས་སུ་འཐུས་མིར་བཞུགས་རྒྱུ་ཡིན་སྐོར་གསུངས་ཡོད། ཁོང་གིས། ཨ་རུ་ན་ཅལ་དང་དེའི་ཆ་ཤས་གང་ཞིག་ཀྱང་ཁ་བྲལ་གཏོང་རྒྱུའི་དྲི་བ་དེ་རྩ་བ་ནས་མེད་པ་རེད་ཅེས་གསུངས་ཡོད། རྒྱ་ནག་གིས་དེར་བློ་འགྱོད་བྱས་ཡོད།

སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༡༠ ནང་སྐབས་དེའི་ཨ་རིའི་གཞུང་ཚབ་ཆེན་མོ་རི་ཆར་ཊི་ཝར་མ་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མགྲོན་འབོད་ལྟར་ཨ་རུ་ན་ཅལ་དུ་ཕེབས་ཡོད། སྤྱི་ལོ་ ༡༩༦༢ ལོར། ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་མེག་མོ་ཧན་ས་ཐིག་དེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཡིན་པ་གསལ་བཤད་བྱས་ཡོད། ད་དུང་ཡང་རྒྱ་ནག་གིས་མཚམས་ཐིག་དེར་ཁས་ལེན་བྱེད་ཀྱི་མེད། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཏ་རོ་ཨ་སོ་ཡིས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་དང་འབྲེལ་བའི་ཐད་རྒྱ་གར་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་པར་པེ་ཅིང་གིས་ངོ་རྒོལ་བྱས་ཡོད།

རྒྱ་ནག་གིས་ཨ་རུ་ན་ཅལ་ཐོག་གང་ཡང་བྱེད་ཐུབ་རྒྱུ་མེད་སྟབས་ཨ་རུ་ན་ཅལ་ནས་ཕེབས་མཁན་རྣམས་ཁྲུ་སློག་པའི་རྩེད་མོ་ཞིག་ཀྱང་ཆགས་ཡོད། མངའ་སྡེའི་གཞུང་འབྲེལ་མི་སྣ་རྣམས་ལ་མཚོན་ན། ཁོ་ཚོའི་གནས་རིམ་ཇི་ཙམ་མཐོ་ཡང་ཁོ་ཚོར་མཐོང་ཆེན་སྤྲད་རྒྱུ་མཚམས་འཇོག་བྱས་ཡོད། མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཞིག་མངའ་སྡེའི་འཛིན་སྐྱོང་ལས་བྱེད་གཞན་ཁག་གཅིག་དང་ལྷན་དུ་རྒྱ་ནག་ལ་ཕེབས་ཐུབ་མེད་པ་རེད།

ཨ་རུ་ན་ཅལ་མངའ་སྡེའི་མི་སེར་དཀྱུས་མ་རྣམས་ལ་རྒྱ་ནག་གིས་མཐོང་ཆེན་ཞུ་མི་དགོས་པ་བཟོས་ཡོད། རྒྱ་གར་གྱིས་དེ་མ་ཐག་སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ནང་རྒྱ་གར་གྱིས་རྒྱ་གར་མི་སེར་རྣམས་ལ་རྒྱ་ནག་གི་ཕྱི་བསྐྱོད་ལག་དེབ་མཐོང་ཆེན་རང་འགྲིག་ཅན་དེ་རྒྱ་གར་ནས་ཕྱི་ཕྱོགས་སུ་བསྐྱོད་པར་བེད་སྤྱོད་མེད་སྐོར་གྱི་འགྲིམ་འགྲུལ་ལམ་སྟོན་ཞིག་གནང་ཡོད།

རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་མི་སེར་དཀྱུས་མ་རྣམས་ལ་མཐོང་ཆེན་ཞུ་མི་དགོས་པ་བཟོས་པ་དེས་སྟབས་མ་བདེ་བ་དང་བློ་མ་བདེ་བ་ཆེན་པོ་བཟོས་ཡོད། སྤྱི་ལོ་ ༢༠༡༡ ལོར་རང་འགྲིག་མཐོང་ཆེན་ཐོག་ནས་རྒྱ་ནག་ཏུ་འགྲོ་བསྐྱོད་བྱེད་མཁན་ཀ་ར་ཊེ་རྩེད་འགྲན་རུ་ཁག་ཅིག་དྷི་ལིའི་གནམ་ཐང་དུ་བཀག་འགོག་བྱས་ཡོད། དེ་མཚུངས་སྤྱི་ལོ་ ༢༠༡༢ ལོར་ལྗིད་བཏེག་རྩེད་འགྲེན་རུ་ཁག་ཅིག་རང་འགྲིག་མཐོང་ཆེན་ཐོག་རྒྱ་ནག་ཏུ་བསྐྱོད་རྒྱུར་ཁས་ལེན་བྱས་མེད་པ་རེད།

སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་སྤྱི་ལོ་ ༢༠༡༤ ལོའི་ལོག་ས་བ་འོས་བསྡུའི་ལས་འགུལ་སྐབས་ཨ་རུ་ན་ཅལ་མངའ་སྡེ

འི་པ་སི་གཏ་རུ་ཕྱོགས་ཕེབས་གནང་སྐབས་ཁོང་གིས་ཁྱིམ་མཚེས་མངའ་ཁུལ་ནང་རྒྱ་ནག་གི་རྒྱ་བསྐྱེད་བསམ་བློར་ཐད་ཀར་སྐྱོན་བརྗོད་བྱས་པ་དེ་བསམ་བློ་དེ་ཉིད་མངའ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གནོད་སྐྱོན་ཆེན་པོ་ཆགས་ཡོད་ཚུལ་གསུངས་ཡོད། སྤྱི་ལོ་ ༢༠༡༤ ལོར་སྲིད་བློན་དུ་འཁོད་རྗེས་ཁོང་གིས་རྒྱ་ནག་ཐོག་སྲིད་བྱུས་ཁ་གསལ་བཟུང་ནས་ཐོག་མར་རྒྱ་གར་གྱིས་རྒྱ་ནག་གཅིག་ཏུ་ངོས་འཛིན་བྱེད་པ་ལྟར་དེ་མཚུངས་རྒྱ་ནག་གིས་ཀྱང་རྒྱ་གར་གཅིག་ཏུ་ངོས་འཛིན་དགོས་པའི་ཆ་རྐྱེན་བཟོས་ཡོད། གནད་དོན་དེའི་ཐོག་རྒྱ་ནག་གིས་ཡ་ལན་མེད་སྟབས་རྒྱ་གར་གྱིས་མངའ་སྡེ་དེ་དང་ས་མཚམས་ཁུལ་བཅས་སུ་རྨང་གཞི་འཛུགས་བསྐྲུན་ལས་འཆར་སྤེལ་ཇི་མགྱོགས་སུ་བཏང་བ་དེ་ཐབས་བྱུས་གཞུང་ལམ་འཛུགས་བསྐྲུན་དང་། སྔོན་ཐོན་བབ་ཚུགས་རྣམས་ཚད་ལྡན་གནམ་ཐང་དུ་བསྒྱུར་བ། མངའ་སྡེ་དང་དེ་མིན་ཁུལ་ཁག་ཏུ་གནམ་གྲུའི་རྟེན་གཞི་གསར་པ་གསུམ་བཙུགས་པ་བཅས་ལས་གསལ་པོ་མཐོང་ཐུབ་པ་ཞིག་རེད།

བྱ་སྤྱོད་འདི་བཞིན་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ལྡོག་ཕྱོགས་བོད་ཉིང་ཁྲི་ཁུལ་དུ་དམག་འགུལ་ཐབས་བྱུས་ཡར་རྒྱས་བཏང་བའི་རྗེས་ནས་བྱུང་ཡོད། བྷི་ཇེ་པི་ཡིས་འགོ་ཁྲིད་པའི་ཨེན་ཌི་ཨེ་སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་མཐའ་མཚམས་གནད་དོན་རྣམས་ཞི་བའི་ངང་ཐག་གཅོད་ཐུབ་རྒྱུའི་རེ་བ་རྒྱུན་འཁྱོང་བྱེད་ཡོད།

དྷི་ལི་གསར་པར་མཚོན་ན། སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ནང་རྒྱ་ནག་ཝུ་ཧན་དུ་སྲིད་བློན་ན་རེནྡྲ་མོ་དྷི་དང་སྲིད་འཛིན་ཞི་ཅིན་ཕིང་གཉིས་དབར་མཇལ་འཛོམས་གནང་མིན་ལ་མ་ལྟོས་པར་པེ་ཅིང་གིས་རྒྱུ་མཚན་གང་ཡང་མེད་པར་ཨ་རུ་ན་ཅལ་མངའ་སྡེའི་གནད་དོན་གླེང་གི་ཡོད་པ་རེད། རྒྱ་གར་གྱིས་རང་ཉིད་ཀྱི་བདག་དབང་སྲུང་སྐྱོབ་ཆེད་བྱ་ཐབས་ཅི་ཡོད་བྱ་རྒྱུ་ཡོད། རྒྱ་གར་གཉིས་དབར་ལ་རྩོད་གཞི་ཡོད་པའི་ས་ཁུལ་གཞན་ཨག་སེ་ཆིན་དུ་དམག་ཆས་འཛུགས་བསྐྲུན་བྱས་པ་དེ་མཚམས་མེད་ངང་ལག་བསྟར་བྱེད་བཞིན་ཡོད། རྒྱ་ནག་འགོ་ཁྲིད་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཞི་བདེ་དང་ལྷིང་འཇགས་ཡོད་པ་ཞིག་ཡོང་བ་བྱ་རྒྱུའི་ཆོད་སེམས་ལ་བརྩི་བཀུར་ཞུ་དགོས་པ་རེད།

མ་ཟིན། པོར་ཕེ་སར། སྲི་ཀནྡཀོན་ད་པ་ལི། ཤར་ཨེ་ཤི་ཡ་བསྟི་གནས་ཀྱི་ཚོགས་གཙོ། ཇེ་ཨེན་ཡུ།