རྒྱལ་སྤྱི་དངུལ་གྱི་ཐེབས་རྩ་ཡིས་དབྱིན་ཡུལ་ལ་དབྱིན་ཡུལ་ཡུ་རོབ་ནས་ཕྱིར་འཐེན་གྱི་རྩོད་ལེན་བྱེད་པ་དེར་ཉེན་བརྡ་གཏོང་ཡོད་པ།

རྒྱལ་སྤྱི་དངུལ་གྱི་ཐེབས་རྩའི་གཙོ་འཁྲིད་ཀི་རི་སི་ཊིན་ལ་གར་ཌེ་མཆོག་གིས་དབྱིན་ཡུལ་ལ་དབྱིན་ཡུལ་ཡུ་རོབ་ནས་ཕྱིར་འཐེན་གྱི་རྩོད་ལེན་བྱེད་པ་དེས་དབྱིན་ཡུལ་གྱི་དཔལ་འབྱོར་ལ་ད་ལྟ་ཚགས་ཚུབ་ཡོད་པ་བཞིན་གནས་རྒྱུ་མིན་པའི་ཉེན་བརྡ་གཏོང་ཡོད་པ་རེད་འདུག།

དེའང་ཁས་ས་རེས་གཟའ་ཉི་མར་རྒྱལ་ས་ཌུ་བེ་ལ་ཚོགས་པའི་རྒྱལ་སྤྱི་གཞུང་གི་ཚོགས་ཆེན་དུ་གསུང་བཤད་ཀྱི་ནང་དུ་ལྕམ་སྐུ་ལ་གར་ཌེ་མཆོག་གིས་དབྱིན་ཡུལ་ཡུ་རོབ་ནས་ཕྱིར་འཐེན་གྱི་རྩོད་ལེན་དེ་ལ་སྐྱོན་བརྗོད་གནང་ཡོད་པ་རེད་འདུག།   དེའང་དབྱིན་ཡུལ་ཡུ་རོབ་ནས་འདི་ལོའི་ཕྱི་ཟླ་༣ ཚེས་༢༩ ནས་ཕྱིར་འཐེན་ཡོང་རྒྱུ་ཡིན་པ་རེད་འདུག།