ཨ་རིས་རྒྱབ་སྐྱོར་ཡོད་པའི་སི་རི་ཡའི་སྲུང་དམག་གིས་ཁ་ཆེ་མངའ་སྡེ་འཇིག་སྐུལ་པའི་སྡེས་འཛིན་བཟུང་བྱེད་པའི་གྲོང་གསེབ་ཀྱི་ཆ་ཤས་ཤིག་འཛིན་བཟུང་བྱེད་ཐུབ་པ།

ཨ་རིས་རྒྱབ་སྐྱོར་ཡོད་པའི་སི་རི་ཡའི་སྲུང་དམག་གིས་ཁ་ཆེ་མངའ་སྡེ་འཇིག་སྐུལ་པའི་སྡེས་འཛིན་བཟུང་བྱེད་པའི་གྲོང་གསེབ་ཀྱི་ཆ་ཤས་ཤིག་འཛིན་བཟུང་བྱེད་ཐུབ་ཡོད་པ་རེད་འདུག།

དེའང་དེ་སྔོན་སི་རི་ཡའི་རྒྱལ་ནང་དུ་འབོམ་འབར་གས་ཀྱི་ནང་དུ་མི་༡༡ གསོད་ཡོད་པ་རེད་འདུག།

དེའང་དེ་སྔོན་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཤར་སི་རི་ཡའི་རྒྱལ་ནང་དུ་འདས་པའི་ཟླ་བ་དྲུག་གི་ནང་དུ་དྲག་པོའི་གནས་སྟངས་ཀྱིས་མི་༢༥༠༠༠ གིས་རྒྱལ་ཁབ་ནས་ཡུལ་གྱར་སོང་ཡོད་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།   ད་དུང་ཨ་རི་ཡིས་སི་རི་ཡའི་རྒྱལ་ཁབ་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུའི་ལས་གཞི་འགོ་འཛུགས་ཡོད་པ་རེད་འདུག།   སྲིད་འཛིན་ཌོ་ནལ་ཌི་ཊྲམ་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་ནང་དུ་ཨ་རི་ཡིས་སི་རི་ཡའི་རྒྱལ་ནང་དུ་ཁ་ཆེ་མངའ་སྡེའི་འཇིག་སྐུལ་པ་ལ་འཕམ་ཉེས་གཏོང་བའི་སྐོར་འབྲིས་གནང་འདུག།   སྲིད་འཛིན་མཆོག་གི་ཊྭི་ཊར་ནང་འབྲིས་བའི་རྗེས་སུ་ཨ་རིའི་ཕོ་བྲང་དཀར་པོས་ཨ་རིའི་དམག་མི་རྣམས་སི་རི་ཡ་ནས་ཕྱིར་འཐེན་གནང་གིས་ཡོད་པའི་གསལ་བསྒྲགས་གནང་འདུག།   ད་དུང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལྕམ་སྐུ་ས་ར་སེན་ཌར་སི་མཆོག་གིས་གཏམ་བཤད་ཀྱི་ནང་དུ་གསུང་དོན་ལ་ལོ་ལྔའི་སྔོན་དུ་ཁ་ཆེའི་མངའ་སྡེ་འཇིག་སྐུལ་བ་རྣམས་ནི་ཤར་དབུས་ཁུལ་དུ་དབང་ཡོད་ཅན་ཞིག་ཡིན་པ་དང་ད་ལྟ་ཨ་རི་ཡིས་འཇིག་སྐུལ་པའི་སྡེ་དེའི་ས་ཁུལ་དབང་འཛིན་ལ་འཕམ་ཉེར་གཏོང་བའི་སྐོར་གསུངས་འདུག།