ཨཱབུ་ཌྷབི་རྒྱལ་ནང་དུ་ཧིནྡི་སྐད་ཡིག་ཁྲིམས་ཁང་གི་སྐད་ཡིག་གསུམ་པར་ཁོངས་སུ་བརྩི་བ།

ཨཱབུ་ཌྷབི་རྒྱལ་ནང་དུ་ཧིནྡི་སྐད་ཡིག་ཁྲིམས་ཁང་གི་སྐད་ཡིག་གསུམ་པར་ཁོངས་སུ་བརྩི་ཡོད་པ་རེེད་འདུག།   དེའང་ཨཱབུ་ཌྷབི་རྒྱལ་ནང་དུ་ཁྲིམས་ཁང་དུ་ངོས་འཛིན་བྱེད་པའི་སྐད་ཡིག་ཨཱརཱབ་དང་དབྱིན་སྐད་ཡིན་པ་རེད་འདུག་པ་དང་བཀའ་ཁྲིམས་དྲང་བར་ཡོང་ཆེད་དུ་ཧིནྡི་སྐད་ཡིག་ཁྲིམས་ཁང་གི་སྐད་ཡིག་གསུམ་པར་ངོས་འཛིན་བྱེད་ཡོད་པ་རེད་འདུག།
དེའང་ཡུ་ནེ་ཊེ་ཌི་ཨེ་མི་རི་ཊེ་སི་རྒྱལ་ཁབ་དང་རྒྱ་གར་དབར་ལོ་ཤས་ཀྱི་རིང་རྒྱལ་འབྲེལ་ལེགའ་སུ་འགྲོ་ཡོད་པ་དང་དམིགས་བསལ་གོ་གནད་མཐོ་བའི་མཇལ་ཕྲད་དུ་མས་རྒྱལ་ཁབ་གཉིས་པོའི་དབར་འབྲེལ་བ་དམ་གཟབ་བྱུང་ཡོད་པ་རེད་འདུག།