ཨི་ཇིབ་ཊིའི་སྲིད་འཛིན་ཨེལ་སི་སི་མཆོག་ཨེ་ཕི་རི་ཀའི་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་འཐོན་བྱུང་བ།

ཨི་ཐོ་པི་ཡའི་རྒྱལ་ནང་དུ་ཨེ་ཕི་རི་ཀའི་གླིང་ཆེན་གྱི་ཚོགས་ཆེན་སྐབས་སུ་ཨི་ཇིབ་ཊིའི་སྲིད་འཛིན་ཨཱབ་ཌེལ་ཕ་ཊ་ཨེལ་སི་སི་མཆོག་ཨེ་ཕི་རི་ཀའི་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་འཐོན་བྱུང་ཡོད་པ་རེད་འདུག།

དེའང་ཚོགས་ཆེན་དུ་སི་སི་མཆོག་གིས་གླིང་ཆེན་དེའི་ནང་དུ་ཞི་བདེ་དང་སྲུང་སྐྱོབ་ཡར་རཉགྱས་གཏོང་རྒྱུར་ཐུགས་སྣང་ཤུགས་ཆེ་བ་གནང་རྒྱུའི་སྐོར་གསུངས་འདུག།