ཇཱམུ་ཀཱཤྨིར་མངའ་སྡེའི་ནང་དུ་སྲུང་དམག་གིས་ཇེཤ་ཨེ་མོཧཱམཱཌ་སྡེའི་འཇིག་སྐུལ་པ་ཞིག་གསོད་ཡོད་པ།

དེ་སྔོན་རེས་གཟའ་ལྷག་པར་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་དུ་སྲུང་དམག་གིས་ཇེཤ་ཨེ་མོཧཱམཱཌ་སྡེའི་འཇིག་སྐུལ་པ་ཞིག་གསོད་ཡོད་པ་རེད་འདུག།   དེའང་འཇིག་སྐུལ་པ་དེ་ཇཱམུ་ཀཱཤྨིར་མངའ་སྡེའི་ཀུཔཝཱརཱ་ས་ཁུལ་གྱི་བཱཌྲཱཔཱཡིན་ཀིརལགུནྜ་ཧཱནྜཝཱརཱ་ས་གནས་སུ་གསོད་ཡོད་པ་དེ་པཱཀིསྟཱན་གྱི་ཇེཤ་ཨེ་མོཧཱམཱཌ་འཇིག་སྐུལ་པའི་སྡེའི་འཇིག་སྐུལ་པ་ཞིག་ཡིན་པ་རྩད་གཅོད་ཐུབ་ཡོད་པ་རེད་འདུག།

དེའང་ཉེན་རྟོགས་པའི་མགྲིན་ཚབ་པ་མཆོག་གིས་གསོད་པའི་མི་དེའི་མཚོན་ཆ་ནས་ཁོ་རང་པཱཀིསྟཱན་གྱི་མི་དང་མིང་ཨནཝཱར་ལ་ངོས་བཟུང་བྱེད་ཐུབ་ཡོད་པའི་སྐོར་གསུངས་འདུག།