བི་ཇེ་པི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཚོགས་ཚོགས་ཆུང་རྒྱལ་ས་ལྡི་ལིར་ཡོང་རྒྱུའི་འོས་བསྡུའི་གྲ་སྒྲིག་ཐོག་གྲོས་བསྡུར་ཆེད་དུ་འདུ་འཛོམས་གནང་བ།

ཁས་ས་ཕྱི་དྲོར་བི་ཇེ་པི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཚོགས་ཚོགས་ཆུང་རྒྱལ་ས་ལྡི་ལིར་ཡོང་རྒྱུའི་གྲོས་ཚོགས་འོག་མའི་འོས་བསྡུའི་གྲ་སྒྲིག་དང་གནད་དོན་གཞན་གྱི་ཐོག་གྲོས་བསྡུར་ཆེད་དུ་འདུ་འཛོམས་གནང་ཡོད་པ་རེད་འདུག།

དེའང་ཚོགས་འདུ་དེར་སྲིད་བློན་ནཱརེནཌྲཱ་མོདི་མཆོག་དང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཨཱམིཏ་ཤྷ་མཆོག་དང་གཞན་ཚོགས་མི་རྣམས་ཀྱིས་མཉམ་བཞུགས་གནང་ཡོད་པ་རེད་འདུག། ཚོགས་འདུ་དེར་ཐག་གཅོད་གསལ་བསྒྲགས་བྱེད་མེད་ཀྱང་ཚོགས་འདུར་ཡོང་རྒྱུའི་འོས་བསྡུའི་གྲ་སྒྲིག་དང་ཐབས་འབྱུས་ཐོག་གླེང་མོལ་བྱེད་ཡོད་སྐོར་གསལ་བཤད་འདུག།