མཉམ་སྦྲེལ་རྒྱལ་ཚོགས་ཡར་རྒྱས་ལས་གཞི་ཚོགས་པས་པདྣ་ལཀཤྨི་མཆོག་ལ་མཐུན་འབྲེལ་གཞུང་ཚབ་ཏུ་བསྐོ་གཞག་གནང་བ།

མཉམ་སྦྲེལ་རྒྱལ་ཚོགས་ཡར་རྒྱས་ལས་གཞི་ཚོགས་པས་ཨ་རིའི་མི་སེར་གྱི་རྒྱ་གར་བ་བརྙན་འཕྲིན་མི་སྣ་དང་བཟའ་ཆས་མཁས་པ་པདྣ་ལཀཤྨི་མཆོག་ལ་མཐུན་འབྲེལ་གཞུང་ཚབ་གསར་ཤོས་སུ་བསྐོ་གཞག་གནང་ཡོད་པ་རེད་འདུག།

དེའང་ཐག་གཅོད་གསལ་བསྒྲགས་དེ་ནི་རྒྱལ་སྤྱི་བུད་མེད་ཉིན་མོའི་སྔོན་གྱི་ཉིན་རེས་གཟའ་ཕུར་བུར་མཉམ་སྦྲེལ་རྒྱལ་ཚོགས་ཡར་རྒྱས་ལས་གཞི་ཚོགས་པའི་འགན་འཛིན་ཨ་ཆིམ་སི་ཊེ་ནར་མཆོག་གིས་གནང་ཡོད་པ་རེད་འདུག།