ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཊྲཱལ་ལ་སྲུང་དམག་གིས་དྲག་སྤྱོད་ལ་༣ མེ་མདའ་རྒྱག་སྟེ་གསོད་པ།

ཇཱམུ་ཀཱཤྨིར་མངའ་སྡེའི་ལྷོ་ཀཱཤྨིར་ནང་གི་པུལཝཱམཱ་ས་ཁུལ་གྱི་ཊྲཱལ་ལ་སྲུང་དམག་གིས་དྲག་སྤྱོད་ལ་༣ མེ་མདའ་རྒྱག་སྟེ་གསོད་ཡོད་པ་རེད་འདུག།

དེའང་སྲུང་སྐྱོབ་གནས་ཚུལ་ལྟར་ན་ས་ཁུལ་དེར་དྲག་སྤྱོད་པ་འཐབ་རྒོལ་གྱི་ལས་གཞི་དེ་མཇུག་སྒྲིལ་ཡོད་པ་རེད་འདུག།   ད་དུང་འཐབ་མོ་བྱེད་སའི་ས་ཁུལ་ནས་གོ་མཚོན་ཕྱིར་སོན་བྱུང་ཡོད་པ་དང་གསོད་པའི་དྲག་སྤྱོད་པ་རྣམས་ཀྱི་ངོས་འཛིན་བྱེད་བཞོན་ཡོད་པའི་སྐོར་ཡང་གསུངས་འདུག།