རྒྱལ་ཡོངས་དཔྱད་ཞིབ་ལྷན་ཁང་གིས་མིརཝཱེཛ་ཨུམཱར་ཕཱརུཀ་ལ་འཇིག་སྐུལ་ཐེབས་རྩའི་གནད་དོན་ཐོག་འདྲི་བར་སྐོང་བ།

རྒྱལ་ཡོངས་དཔྱད་ཞིབ་ལྷན་ཁང་གིས་མིརཝཱེཛ་ཨུམཱར་ཕཱརུཀ་དང་ཁབྲལ་རིང་ལུགས་འགོ་འཁྲིད་སཻཌ་ཨཱལི་ཤྷ་གིལཱནི་ཡི་བུ་ནཱསིམ་གིལཱནི་ལ་འཇིག་སྐུལ་ཐེབས་རྩའི་གནད་དོན་ཐོག་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་ཡོངས་དཔྱད་ཞིབ་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་སུ་དེ་རིང་འདྲི་བར་སྐོང་ཡོད་པ་རེད་འདུག།

དེའང་དེ་སྔོན་པ་ཀིས་ཐན་གནས་སྡོད་འཇིག་སྐུལ་རིང་ལུགས་ཚོགས་པ་ཇེཤ་ཨེ་མོ་ཧོ་མདྷ་ཡིས་བྱེད་སྒོ་སྤེལ་བའི་པུལ་ཝ་ན་འཇིག་སྐུལ་དྲག་སྤྱོད་ཀྱིས་རྒྱ་རྒྱ་གར་དམག་མི་༤༠ གསོད་པའི་ཁ་གཏད་དུ་མང་ཚོགས་བརྒྱ་ཕྲག་མག་པོས་ངོ་རྒོལ་བྱས་ཡོད་འདུག་ རྒྱ་གར་གཞུང་མང་གཉིས་ཀདང་གཅིག་སྒྲིལ་མཚོན་ཐབས་སུ་མང་ཚོགས་བརྒྱ་ཕྲག་མང་པོས་བལ་ཡུལ་གྱི་པཱར་ས་དང་མཱ་ཧོ་ཊ་རི་དང་རུ་པན་དྷ་ཧི་དང་ཉེ་འགྲམ་གྱི་རྫོང་དུ་མར་མེ་ཁྲོམ་སྐོར་གནང་ཡོད་འདུག་ དེ་སྔོན་ཨ་རི་སྲིད་འཛིན་ཌོ་ནལཌ་ཊརམཔ་མཆོག་གིས་པུལ་ཝ་ཎ་འཇིག་སྐུལ་དྲག་སྤྱོད་ལ་བཟོད་དཀའི་ཧ་ལས་པའི་བྱ་སྤྱོད་ཞིག་ཏུ་ངོས་འཛིན་གནང་སྟེ་རྒྱ་གར་ལ་འཇིག་སྐུལ་རིང་ལུགས་ཁ་གཏད་གཅོག་པའི་རོགས་སྐྱོར་ཆ་ཚད་ཕུལ་བའི་ཡིད་རྟེན་གནང་འདུག་ ད་དུང་པ་ཀིས་ཐན་ལ་རྫབ་ཆེན་གྱི་བྱ་སྤྱོད་དེ་ཡི་ནག་ཅན་རྣམས་ལ་ཉེས་འཛུགས་གཏོང་བར་འབོད་འདུག་གོ།