རྒྱལ་ཡོངས་འོས་བསྡུའི་ནང་དུ་འོས་འཕེན་གནང་མཁན་གསར་པ་མི་འབུམ་གབདུན་ཙམ་གྱིས་འོས་ཤོག་འཕེན་རྒྱུ་ཡིན་པ།

ཨཱསཱམ་མངའ་སྡེའི་ནང་དུ་ཡོང་རྒྱུའི་རྒྱལ་ཡོངས་འོས་བསྡུའི་ལས་རིམ་གསུམ་དུ་དབྱེ་རྒྱུ་ཡིན་པ་དང་དེའི་ནང་དུ་འོས་འཕེན་གནང་མཁན་གསར་པ་མི་འབུམ་གབདུན་ཙམ་གྱིས་འོས་ཤོག་འཕེན་རྒྱུ་ཡིན་པ་རེད་འདུག།

དེའང་ད་དུང་འོས་བསྡུའི་འགན་འཛིན་མུཀེཤ་སཱཧུ་མཆོག་གིས་མངའ་སྡེའི་ནང་དུ་ཡོད་པའི་མི་༢༡༧༦༠༦༠༤ ཡི་ནང་ནས་མི་གྲངས་༧༠༦༤༨༩ རང་ལོ་༡༨ ནས་༡༩ དབར་ཡིན་པ་དང་འོས་འཕེན་ཐེངས་དང་པོ་མཉམ་བཞུགེ་གནང་རྒྱུ་ཡིན་པའི་སྐོར་གསུངས་འདུག།