སཽ་དི་ཨ་རེ་བི་ཡ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་གིས་སྲིད་བློན་མོདི་མཆོག་དང་མཇལ་ཕྲད་གནང་བ།

ཁས་ས་རེས་གཟའ་ཟླ་བར་རྒྱལ་ས་ལྡི་ལིར་སཽ་དི་ཨ་རེ་བི་ཡ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨ་ཌེལ་ཨལ་ཇུ་བེར་མཆོག་གིས་སྲིད་བློན་མོདི་མཆོག་དང་མཇལ་ཕྲད་གནང་ཡོད་པ་རེད་འདུག།

དེའང་བློན་ཆེན་མཆོག་ནི་རྒྱ་གར་ལ་ཉིན་གཅིག་གི་འཚམས་གཟིགས་ཆེད་དུ་ཕེབས་ཡོད་པ་རེད་འདུག།
ད་དུང་དེ་སྔོན་སྐུ་ཞབས་ཨ་ཌེལ་ཨ་ཇུ་བེར་མཆོག་གིས་ཕྱི་སྲིད་བློན་ཆེན་སུཤྨཱ་སྭཱརཱཇ་མཆོག་གི་ལྷན་དུའང་མཇལ་ཕྲད་གནང་ཡོད་པ་རེད་འདུག།