ཀོང་རེ་སི་ཆབ་སྲིད་ཚོགས་པས་གྲོས་ཚོགས་འོག་མའི་འོས་མིའི་མིང་གཞུང་གཉིས་པ་དེ་གསལ་བསྒྲགས་གནང་བ།

ཀོང་རེ་སི་ཆབ་སྲིད་ཚོགས་པས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེད་དུ་འོས་མི་༢༡ གི་མིང་གཞུང་གཉིས་པ་དེ་གསལ་བསྒྲགས་གནང་ཡོད་པ་རེད་འདུག།

དེའང་མིང་གཞུང་ནང་དུ་ཡོད་པའི་མི་༡༦ ཨུཏྟར་པྲཱཌེཤ་ཆེད་དུ་ཡིན་པ་དང་༥ མཱཧཱརཱཤཊྲཱ་ཆེད་དུ་༥ ཡིན་པ་རེད་འདུག།
དེའང་ཨུཏྟར་པྲཱཌེཤ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རཱཇ་བཱབྦར་མཆོག་གིས་མཔརཱདཱབཱད་ནས་འོས་མིར་མཉམ་བཞུགས་གནང་རྒྱུ་ཡིན་པ་དང་ཆབ་སྲིད་ཚོགས་པའི་འགོ་འཁྲིད་སཱནཇེ་སིགཾ་མཆོག་སུལཏཱནཔུར་ནས་མཉམ་བཞུགས་གནང་རྒྱུ་དང་དབུས་བློན་ཆེན་ཟུར་པ་སྲི་པྲཱཀཱཤ་ཇེསྭལ་མཆོག་ཀྣཔུར་ནས་མཉམ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག།