ཨ་རིའི་དམིགས་བསལ་དམག་མིས་རྒྱ་གར་གྱི་རྒྱལ་ཡོངས་སྲུང་དམག་གི་ལྷན་དུ་ཧེདཱརཱབཱད་རྒྱལ་སའི་ནང་དུ་དམག་སྦྱོང་གནང་བ།

ཉེ་ཧོང་རྒྱལ་ནང་དུ་རྟེན་གཞི་བྱེད་པའི་ཨ་རིའི་དམིགས་བསལ་དམག་མིས་རྒྱ་གར་གྱི་རྒྱལ་ཡོངས་སྲུང་དམག་གི་ལྷན་དུ་ཧེདཱརཱབཱད་རྒྱལ་སའི་ནང་དུ་དམག་སྦྱོང་གནང་ཡོད་པ་རེད་འདུག་པ་དང་དེ་ནི་རྒྱལ་ཁབ་གཉིས་པོའི་སྲུང་དམག་གི་ནུས་ཚད་གིང་འཕེལ་གཏོང་ཆེད་དུ་ཡིན་པ་རེད་འདུག།

དེའང་ཁས་ས་རེས་གཟའ་ལྷག་པར་ཨ་རིའི་གཞུང་ཚབ་ཀྱི་གསལ་བསྒྲགས་ལྟར་ན་ཨ་རིའི་སྲུང་དམག་རྣམས་ནི་ཉེ་ཧོང་རྒྱལ་ནང་གི་ཨོ་ཀི་ན་ཝ་ལ་རྟེན་གཞི་བྱེད་པའི་དམིགས་བསལ་སྲུང་དམག་དང་པོའི་བེ་ཊེ་ལི་ཡོན་དང་པོ་ནས་ཡིན་པ་རེད་འདུག།