ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་ཊོམ་ཝ་ཌ་ཀན་མཆོག་དང་ཏྲིནཱམུལ་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཁྲིམས་བཟོ་བ་ཨཱརཇུན་སིགཾ་མཆོག་བི་ཇེ་པི་ཆབ་སྲིད་ཚོགས་པའི་ནང་དུ་འཛུལ་བཞུགས་གནང་བ།

ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་ཊོམ་ཝ་ཌ་ཀན་མཆོག་དང་ཏྲིནཱམུལ་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཁྲིམས་བཟོ་བ་ཨཱརཇུན་སིགཾ་མཆོག་བི་ཇེ་པི་ཆབ་སྲིད་ཚོགས་པའི་ནང་དུ་འཛུལ་བཞུགས་གནང་ཡོད་པ་རེད་འདུག།

དེའང་སྐུ་ཞབས་ཊོམ་ཝ་ཌ་ཀན་མཆོག་ལ་བི་ཇེ་པི་ཆབ་སྲིད་ཚོགས་པའི་ནང་དུ་ཚོགས་པའི་འགོ་འཁྲིད་འགྲེས་པ་དང་དབུས་བློན་ཆེན་རཱཝི་ཤཀཾར་པྲཱསཱད་མཆོག་གིས་ཁས་ས་རེས་གཟའ་ཕུར་བུར་རྒྱལ་ས་ལྡི་ལིར་བཀོད་སྒྲིག་གནང་ཡོད་པ་རེད་འདུག།

ད་དུང་ཏྲིནཱམུལ་ཀོང་རེ་སི་གྲོས་ཚོགས་འཐུས་མི་ཨཱརཇུན་སིགཾ་མཆོག་ལ་རྒྱལ་ས་ལྡི་ལིར་ཡོད་པའི་བི་ཇེ་པི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་སུ་འགོ་འཁྲིད་ཀེལཱཤ་ཝིཇེཝཱརགིཡཱ་དང་མུཀུལ་རོའི་མཆོག་རྣམས་ཀྱིས་བཀོད་སྒྲིག་གནང་ཡོད་པ་རེད་འདུག།