ནེ་ཇི་རི་ཡའི་རྒྱལ་ནང་དུ་སློབ་གྲྭ་རྡིབ་སྐྱོན་བྱུང་བས་མི་༡༢ འདས་གྲོངས་སུ་སོང་བ།

ནེ་ཇི་རི་ཡའི་རྒྱལ་ནང་གི་ལ་གོ་སི་རྒྱལ་སའི་ནང་དུ་ཡོད་པའི་སློབ་གྲྭ་རྡིབ་སྐྱོན་བྱུང་བས་མི་༡༢ འདས་གྲོངས་སུ་སོང་ཡོད་པ་རེད་འདུག།

དེའང་དེ་སྔོན་ན་ཇི་རི་ཡའི་རྒྱལ་ནང་གི་བྱང་ཤར་ཁུལ་ལ་འཇིག་སྐུལ་པའི་སྡེ་བོ་ཀོ་ཧ་རམ་གྱིས་སྲུང་དམག་ལ་འཐབ་རྒོལ་བྱེད་ཐབས་སུ་དེང་དུས་འཕྲུལ་ཆས་ལྡན་པ་ཞིག་ཆག་ཡོད་པའི་སྐོར་ནེ་ཇི་རི་ཡའི་དམགམིའི་གཙོ་དཔོན་མཆོག་གིས་གསུངས་གནང་ཡོད་པ་རེད་འདུག།   དེའང་གཙོ་དཔོན་མཆོག་གིས་བོ་ཀོ་ཧ་རམ་འཇིག་སྐུལ་པས་འདི་ཟླའི་ཕྱི་ཚེས་༢ ནས་༡༨ དབར་ཉུང་མཐར་སྲུང་དམག་གི་ས་གནས་༥ ལ་འཐབ་རྒོལ་བྱས་ཡོད་སྐོར་གསུངས་འདུག།