ཕྱི་སྲིད་ལྷན་ཁང་གིས་འཇིག་སྐུལ་དྲག་སྤྱོད་མེད་པའི་ཁོར་ཡུག་ཞིག་ཏུ་པ་ཀིས་ཐན་ལྷན་དུ་ཞི་མོལ་གནང་བར་འདོད།

༄། ཕྱི་སྲིད་ལྷན་ཁང་གིས་འཇིག་སྐུལ་དྲག་སྤྱོད་མེད་པའི་ཁོར་ཡུག་ཞིག་ཏུ་པ་ཀིས་ཐན་ལྷན་དུ་ཞི་མོལ་གནང་བར་འདོད་པ་བརྗོད་འདུག་ ཁས་ས་རྒྱ་གར་དང་ཨ་རི་གཉིས་ཀྱིས་པ་ཀིས་ཐན་ལ་རང་ཡུལ་དུ་གནས་སྡོད་ཀྱི་འཇིག་སྐུལ་དྲག་སྤྱོད་མ་འཛུགས་རྣམས་རྩ་གཏོར་གཏོང་བར་དངོས་ཡོད་ཀྱི་བྱེད་ལས་སྤེལ་སྟེ་ཉེན་མེད་གབ་གནས་སྐྲུན་པར་མཚམས་འཇོག་བྱེད་པ་འབོད་འདུག་ སྔར་རེས་གཟའ་ཕུར་བུའི་ཉིན་ཨ་རི་གྲོས་ཆོགས་གོང་མའི་་མཚན་ཆ་ཞབས་ཞུའི་ལྷན་ཚོགས་ལ་རྒྱུས་མངའི་འགྲེལ་བརྗོད་སྐབས་དབུས་ཨ་རི་སྤྱི་ཁྱབ་དམག་དཔོན་ཆེན་པ་ཇོ་སེབཝོ་ཊེལ་མཆོག་གིས་ལྷོ་ཨེ་ཤི་ཡའི་ཞི་བདེ་སྲ་བརྟན་གནས་པར་རྒྱལ་ཁབ་ཚང་མར་མཐུན་འགྲིག་གི་བྱ་སྤྱོད་ལ་འཇུག་ཅིང་དཀྲོག་རྐྱེན་གྱི་བྱ་སྤྱོད་ལ་ཐ་དད་པར་ཨ་རི་ཡིས་རེ་འདོད་གནང་བཞིན་ཡོད་པ་བརྗོད་འདུག་གོ།