རྒྱ་གར་དང་པ་ཀིས་ཐན་གཉིས་ཀྱིས་ཀ་ཏར་པུར་ཀོ་རི་ཌོར་སྒོ་འབྱེད་གནང་དོན་མུ་མཐུད་གནང་བ།

༄། རྒྱ་གར་དང་པ་ཀིས་ཐན་གཉིས་ཀྱིས་ཀ་ཏར་པུར་ཀོ་རི་ཌོར་སྒོ་འབྱེད་གནང་དོན་མུ་མཐུད་གནང་ཡོད་འདུག་ དེ་སྔོན་རྒྱ་གར་དང་པ་ཀིས་ཐན་གཉིས་འདི་ཟླའི་ཚེས་༡༤ ཉིན་ཨ་ཊ་རི་ཝ་གྷ་ས་མཚམས་སུ་ཀ་ཏར་པུར་སྐམ་རྒྱུད་སྲང་ལམ་གྱི་བྱ་བྱེད་ལས་གསུམ་ཐོག་གླེང་མོལ་དང་པོ་གནང་རྒྱུ་ཡིན་འདུག་ ཕྱི་སྲིད་ལྷན་ཁང་གིས་ཡོངས་འགྱུར་གྱི་ལྷན་ཚོགས་ཉིན་མོ་ཁོ་ནར་ཀ་ཏར་པུར་སྐམ་རྒྱུད་སྲང་ལམ་གྱི་ཕྱིགས་སྒྲིལ་ཐག་གཅོད་གཏན་འབེབ་གནང་བའི་གྲོས་གཞི་འདོན་ཡོད་པ་བསྒྲག་གཏམ་བརྗོད་འདུག་ དབུས་གཞུང་གིས་གུ་རུ་ནཱ་ནཀ་རྡེཝ་ཡི་སྐུའི་འཁྲུངས་སྐར་དུས་དྲན་ཐེངས་༥༥༠ ལ་ཀ་ཏར་པུར་སྐམ་རྒྱུད་སྲང་ལམ་བཀོལ་སྤྱོད་ཐུབ་པ་བཟོས་པའི་ཐག་གཅོད་གནང་ངོ།