རྒྱ་གར་དང་ཨ་རི་གྲོས་མོལ་གྱི་ནང་འགྲན་བསྡུར་གྱི་དུས་ཚོད།

རྒྱ་གར་དང་ཨ་རི་གཉིས་ཀྱི་དབར་བདེ་སྲུང་དང་དམག་ཇུས་ཀྱི་གྲོས་མོལ་ཐེངས་༩བཀོད་འདོམ་བྱས་ཏེ་ཕྱོགས་གཉིས་ཀྱི་དཀའ་བའི་གནད་དོན་རྣམས་ཐག་གཅོད་གཏན་འབེབ་ཡོང་བར་རེ་འགུག་བྱེད་བཞིན་ཡོད། ཨ་རིས་ཨི་རན་དང་ར་ཤི་ཡ་རྣམ་གཉིས་ལ་དམ་བསྒྲག་བཀའ་ཆད་བཏང་བ་བཞིན་དུ་རྒྱ་གར་ལའང་གཏང་དགོས་ཀྱི་འདུག་ཅེས་ཌ་རམ་འཛིན་སྐྱོང་གིས་བརྗོད་རྒྱ་གར་ཇི་ཨེས་པི་སྟེ་དགའ་འདེམ་ལམ་ལུགས་ཁ་གསལ་བཟོ་བ་ཞེས་པའི་མིང་གཞུང་ནས་ཕྱིར་སྤུད་བྱ་རྒྱུ་ནི་ཨ་རིའི་ཐག་གཅོད་ཡིན་ཞིང་ལྦེ་ནེ་ཛུ་ལྰ་ནས་སྣུམ་ཉོ་མི་མཆོག་པའི་བཀའ་རྒྱ་ཡང་གཏང་ཡོད།མུ་མཐུད་པའི་ཚོང་འབྲེལ་གྱི་བསམ་ཚུལ་ཕྱོགས་འགལ་དང་ཨེཆ་བྷི་མཐོང་ཆེན་ལག་ཁྱེར་གྱི་གནད་དོན་་ཐག་གཅོད་མ་བྱུང་བའི་རྐྱེན་གྱིས་ཛ་དྲག་ཏུ་འགྲོ་བཞིན་ཡོད།

ཉེ་ཆར་གྱི་ལས་འཆར་ནི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྦི་ཇེ་གྷོ་ཁྰལ་མཆོག་ལྦ་ཤིན་ཌོན་གྲི་སི་རུ་ཕྱོགས་གཉིས་ཀྱི་བདེ་སྲུང་དང་དམག་ཇུས་ཀྱི་གནད་དོན་ཐད་དུ་རྒྱལ་ཁབ་ཀྱི་དམག་འདོམ་པ་དང་རྒྱལ་སྤྱའི་བདེ་སྲུང་གི་དྲུང་གཞོན་སྐུ་ཞབས་ཨན་དྷརྰ་ཐོམ་སོན་མཆོག་དང་ལྷན་དུ་ཐེངས་དེ་དམ་འཛིན་བྱས་ཏེ་གྲོས་མོལ་གནང་།

དེ་མཚུངས་རྒྱ་གར་དང་ཨ་རིའི་དབར་གྱི་བར་སྣང་གི་གྲོས་མོལ་ཐེངས་གསུམ་པ་དང་སྟབས་བསྟུན་ནས་གོ་མཚོན་བཀག་སྡོམ་དང་རྒྱལ་སྤྱིའི་བདེ་སྲུང་ཁྱབ་སྤེལ་གྱི་ཕྱི་སྲིད་ལས་དོན་གྱི་དྲུང་ཆེ་ཨིན་དྷརྰ་པྰན་དྷེ་ཡང་ཨ་རིའི་རྒྱལ་སར་ཨ་རིའི་གོ་མཚོན་བཀའ་སྡོམ་གྱི་དྲུང་ཆེའི་ལས་རོགས་གྲོ་ཌར་ཡལེམ་གྲི་ཨེས་པོབ་ལེཌ་དང་ལྷན་དུ་གཟིགས་སྐོར་ལ་ཕེབས།

ཐེངས་དགུ་པའི་རྒྱ་གར་དང་ཨ་རི་དབར་གྱི་གྲོས་མོལ་དེ་གནད་དོན་དུ་མའི་ཐག་ཏུ་གྲོས་མོལ་ལྷུག་པོ་དང་ཡང་དག་ཡོང་རྒྱུ་ཐེ་ཚོམ་མེད་ཅིང་གོ་མཚོན་རིགས་མགྱོགས་མྱུར་བཀག་འདོམ་བྱ་རྒྱུ་དང་།འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་སྡེ་ལ་གོ་ལག་མཐུན་རྒྱུར་ལ་དགག་བྱ་བྱ་རྒྱུ་དང་།འབྱུང་འགྱུར་རྡུལ་ཕྲན་འབར་གས་མཉམ་འབྲེལ་བརྒྱུད་དེ་རྒྱ་གར་ནང་ཨ་རིའི་རྡུལ་ཕྲན་ལྡོག་འགྱུར་ཡོ་ཆས་འཛུགས་སྐྲུན་གང་སྤེལ་བྱ་རྒྱུ་ལ་སོགས་ཀྱི་གནད་དོན་རྣམས་ཀྱི་ཐད་དུ་གྲོས་མོལ་གནང་རྒྱུ་ཡིན་འདུག།རྒྱ་གར་ཨེན་ཨེས་ཇི་སྟེ་རྡུལ་ཕྲན་མཁོ་སྤྲོད་ཀྱི་ཚོགས་མི་བྱ་རྒྱུར་ཨ་རིས་རྒྱབ་སྐྱོར་བྱེད།ད་དུང་མཁའ་དབྱིངས་འབབས་ཚུགས་ཀྱི་ཐད་དུ་བསམ་ཚུལ་དང་གནས་ཚུལ་ཕན་ཚུན་བརྗེ་རེས་བྱེད་ཅིང་ཕྱོགས་གཉིས་ཀའི་མཁའ་དབྱིངས་ཀྱི་གནད་དོན་སྒོ་མང་པོའི་ཐོག་ཏུ་མཉམ་འབྲེལ་གྱི་གོ་སྐབས་མྱུལ་ཞིབ་བྱེད་དགོས།

པྰ་ཀིས་ཐན་ནང་བརྟེན་གཞི་བྱས་པའི་འཇིགས་སྐུལ་དྲག་སྤྱོད་པ་ཇེ་ཨེམ་གྱིས་རྒྱ་གར་གྱི་མངའ་འོག་ཇྰ་མུ་དང་ཀྰཤ་མིར་གྱི་པུ་ལྦ་མའི་ས་ཁུལ་ནང་དུ་བདེ་སྲུང་དམག་མི་ལ་ཚུར་རྒོལ་ཚབ་ཆེན་བྱས་པའི་རྗེས་སུ་གྲོས་མོལ་དེ་བྱུང་བ་ཡིན། ཌརམ་འཛིན་སྐྱོང་གིས་ཐད་ཀར་འཇིགས་སྐུལ་དྲག་སྤྱོད་པའི་ཚུར་རྒོལ་ལ་ངོ་རྒོལ་སྐྱོན་འཛུགས་དང་པྰ་ཀིས་ཐན་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པའི་ལས་འཆར་ཀུན་ལ་གལ་ཆེ་དོན་ཆེའི་བྱ་སྤྱོད་སྤེལ་དགོས་པའི་དགོས་འདུན་བཏོན་ཅིང་ཁྲིམས་འགལ་གྱི་ཐོག་ནས་ཨ་རིས་མཁོ་སྤྲོད་བྱས་པའི་ཨེཕ་༡༦དམག་གྲུ་རྒྱ་གར་གྱི་ཐོག་ཏུ་འཐབ་རྒོལ་བྱས་མི་མཆོག་པའི་བཀའ་རྒྱའང་བཏང་ཡོད།

གྲོས་མོལ་གྱི་རྗེས་སུ་གནད་དོན་ཁག་ཅིག་དམིགས་སུ་བཀར་ནས་ལྷན་ཚོགས་ཀྱི་བདེ་སྲུང་དང་དམག་དོན་གྱི་གྲོས་འཆར་དུ་དངོས་སུ་མ་བརྗོད་ཀྱང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེས་པྰ་ཀིས་ཐན་གྱིས་ཨེཕ་༡༦དམག་གྲུ་ཁྲིམས་འགལ་གྱིས་བདེ་སྤྱོད་བྱས་པའི་དཔང་རྟགས་ར་སྤྲོད་བྱས་པར་ཐེ་ཚོམ་ཏོག་ཙམ་ཡོད།ཉེ་ཆར་ཌརམ་འཛིན་སྐྱོང་གིས་པྰ་ཀིས་ཐན་གྱིས་འཇིགས་སྐུལ་དྲག་སྤྱོད་པའི་ཐད་དུ་བྱ་སྤྱོད་གང་ཡང་མ་སྤེལ་བ་ལ་ཐ་ཅིག་ཏུ་དགག་པ་དང་རྒྱལ་ཁ

བ་དེ་ལ་དཔལ་འབྱོར་གྱི་རོགས་རམའང་མཚམས་འཇོག་བྱ་རྒྱུ་ཡིན་འདུག།

པྰ་ཀིས་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུ་དྲག་པའི་ཚོགས་སྡེ་དག་ལ་མངོན་པར་མ་གསལ་བའི་སྒོ་ནས་མཐུན་འགྱུར་རོགས་རམ་བྱེད་པའི་པྰ་ཀིས་ཐན་གཞུང་གི་སྲིད་ཇུས་དེ་རྒྱབ་སྐྱུར་སླད་དུ་སྔ་མོ་ནས་ཨ་རིའི་བྱ་སྤྱོད་གདང་ངེས་ཤིག་སྤེལ་ཐུབ་ཀྱིེས་མེད།པུལ་ལྦ་མའི་དོན་རྐྱེན་གྱི་རྗེས་སུ་གཅུག་རྗེས་གཉིས་མཐུད་ཀྱིས་ཨབ་གྷ་ནིས་ཐན་ནང་འཇིགས་སྐུལ་དྲག་སྤྱོད་སྤེལ་བ་ལ་སོགས་པ་ནི་པྰ་ཀིས་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་པ་རྣམས་དང་ངན་པ་ལག་སྦྲེལ་བྱེད་དེ་རྒྱ་གར་དང་ཨ་རའི་ཁས་ཕན་ཡོད་པའི་ལྷོ་ཨེ་ཤི་ཡ་ལ་ཚུར་རྒོལ་བྱེད་པའི་མངོན་གསལ་དོད་པའི་དཔང་རྟགས་ཤིག་ཡིན།

རྒྱ་གར་གྱི་ཕྱོགས་ནས་ལྷོ་ཨེ་ཤི་ཡའི་ནང་དུ་རྒྱ་ནག་གིས་འཇིགས་སྐུལ་དྲག་སྤྱོད་པ་རྣམས་དང་ལག་སྦྲེལ་དང་མཉམ་འབྲེལ་མིན་པའི་གནད་དོན་གོང་སྤེལ་གཏོང་དགོས་པ་བརྗོད།དུས་མཚུངས་རྒྱ་ནག་གི་ཤིང་ཇང་ཞིང་ཆེན་ནང་དུ་འཇིགས་སྐུལ་དྲག་སྤྱོད་པའི་སྣང་འཆར་འཕེལ་བཞིན་ཡོད།མྰ་སུདྷ་ཨ་ཛར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པ་ལ་ཐེར་འདོན་མ་བྱས་སྔོན་ནས་བྷྰེ་ཅིང་གིས་འགྲེལ་བརྗོད་གཞན་ཞིག་སྐྱར་བརྗོད་བྱས།

རྒྱ་གར་དང་ཨ་རིའི་ཚོང་གི་གནད་དོན་ཐག་གཅོད་གཏན་འབེབ་ཐུབ་པར་བྱེད་དགོས་ཤིང་རྒྱལ་ཁབ་གཉིས་ཀྱི་ཁྱབ་འཕེལ་ཆེ་བའི་བདེ་སྲུང་དང་རྒྱལ་སྲུང་གི་ལས་ཀུན་མཉམ་མཐུན་གྱི་སྒོ་ནས་སྲུང་སྐྱོབ་བྱེད་ཚེ་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་མཛའ་མཐུན་གྱི་སྒོ་ནས་དོགས་གནད་སེལ།

ཌརམ་སྲིད་གཞུང་གིས་སི་ཌྰིལ་དང་ཧ་ཡང་གི་སྒོ་ཁྲལ་སྤར་ཞིང་དེ་དང་ལྷན་དུ་ཨེཧ༡བྷིའི་མཐོང་ཆེན་གྱི་རྙོག་ཟིངའང་བྱུང།ད་ལྟ་ཆ་ལ་རྒྱ་གར་གནད་དོན་བཟང་བའི་ཕྱོགས་སུ་སྐྱོད་ཅིང་ད་ལྟ་རྒྱ་གར་ཇི་ཨེས་པི་ཁས་ཕན་ལོངས་སུ་སྤྱོད་མཁན་ལས་བཏོན་པ་ལ་སྡིགས་ར་སྐུལ་བཞིན་ཡོད།དེས་རྒྱ་གར་ནས་ཨ་རིར་ཕྱིར་འདྲེན་བྱེད་པའི་རིན་ཐང་ཨ་སྒོར་ཐེར་འབུམ་༥ལས་མང་བའི་ཁས་ཕན་ཡོང་གིས་ཡོད།

གནད་དོན་དེ་དག་ཀུན་དུས་ཐོག་ལ་གྲོས་མོལ་གྱི་ལམ་ནས་ཆ་ལག་རྫོགས་པའི་ཐག་གཅོད་གཏན་འབེབས་ཤིག་དགོས། རྒྱ་གར་དང་ཨ་རིའི་དཔལ་འབྱོར་དང་སྲུང་སྐྱོབ་ཀྱི་གྲོས་མོལ་དེ་བདེ་སྲུང་དང་དམག་དོན་གྱི་གྲོས་མོལ་རྗེས་སུ་འབྲང་དགོས་ཤིང་དཔལ་འབྱོར་དང་བདེ་སྲུང་གི་གནད་དོན་ནི་རིམ་གྱི་གོང་འཕེལ་དུ་ཕྱིན་ནས་གཅིག་ཕན་གཅིག་གྲགས་ཀྱི་དེང་དུས་གོ་ལའི་བཀོད་པར་འགྱུར།

རྩོམ་པ་པོ།  མཁས་དབང་ཆན་ཌྰ་མྰ་ནི། མྰ་ཧྰ་པྰ་ཌྰར།