ཀོང་རེ་སི་ཆབ་སྲིད་ཚོགས་པས་རྒྱལ་ཡོངས་དམང་གཙོ་མཐུན་ཕྱོགས་གཞུང་ལ་༢༠༡༤ ལོར་ཁས་ལེན་བྱེད་པ་རྣམས་སྒྲུབ་འབྲས་སྟོན་མི་ཐུབ་པར་སྐྱོན་བརྗོད་གནང་བ།

ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་རྒན་པ་ཨཱནནྡ་ཤཱརམཱ་མཆོག་གིས་ཁས་ས་རྒྱལ་ཡོངས་དམང་གཙོ་མཐུན་ཕྱོགས་གཞུང་ལ་༢༠༡༤ ལོའི་རྒྱལ་ཡོངས་འོས་བསྡུའི་ནང་དུ་མི་མང་ལ་ཁས་ལེན་བྱེད་པའི་ལས་གཞི་རྣམས་སྒྲུབ་འབྲས་སྟོན་མི་ཐུབ་པར་སྐྱོན་བརྗོད་གནང་ཡོད་པ་རེད་འདུག།

ཁོང་གིས་ད་དུང་ཀོང་རེ་སི་ཆབ་སྲིད་ཚོགས་པས་ན་གཞོན་དང་ཞིང་པ་དང་དབུལ་འཕོང་རྣམས་སུ་འགྲོ་བའི་ཐོབ་ཐང་བསྩལ་ཆེད་དུ་དམིགས་ཀྱིས་ཡོད་སྐོར་གསུངས་འདུག།