ཆཏྟིསྒར་མངའ་སྡེའི་སུཀམཱ་ས་ཁུལ་དུ་ནག་སལ་འཇིག་སྐུལ་པ་༣༤ དང་དེའི་ནང་ནས་བུད་མེད་༣ གྱིས་མགོ་བཏགས་པ།

ཆཏྟིསྒར་མངའ་སྡེའི་སུཀམཱ་ས་ཁུལ་དུ་ནག་སལ་འཇིག་སྐུལ་པ་༣༤ དང་དེའི་ནང་ནས་བུད་མེད་༣ གྱིས་མགོ་བཏགས་པ་རེད་འདུག།

དེ་སྔོན་རྒྱལ་ས་ལྡི་ལིར་ཚོགས་ཆེན་གྱི་ནང་དུ་བློན་ཆེན་སིགཾ་མཆོག་གིས་ནགསལ་དཀའ་རྙོག་ནི་རྒྱལ་ཡོངས་སུ་དཀའ་ངལ་ཆེན་པོ་ཡིན་པ་དང་གཞུང་གིས་དྲག་གནོན་ཁས་ལེན་བྱེད་ཐུབ་རྒྱུ་མིན་སྐོར་ཡངགསུངས་འདུག།

ད་དུང་དེ་སྔོན་ཇ་མུ་ཀཤ་མིར་མངའ་སྔེར་རྒྱ་དམག་གིས་པ་ཀིས་ཏན་དུ་འཁོན་ལན་མེ་མདའ་རྒྱག་སྟེ་དམག་དཔོན་གཅིག་གཙིས་པའིདམག་མི་བདུན་དང་གཞན་དམག་མི་བཞིན་སྨས་སྐྱོན་བཟོས་འདུག་ དེ་བཞིན་རྒྱལ་སྲུང་དམག་མི་ཡིས་བར་མུ་ལ་རྫོང་གི་ཡུ་རི་སེཀ་ཊར་གྱི་རྒྱ་གར་དང་པ་ཀིས་ཏན་གྱི་ས་མཚམས་LoC རུ་རྒྱ་གར་དུ་འཇབ་འཛུལ་གནང་བར་འབད་པའི་འཇིག་སྐྱུལ་དྲག་སྤྱོད་པ་ལྔ་གསོད་འདུག་ རྒྱ་གར་གྱི་དམག་དཔོན་བི་པིན་ར་ཝཏ་མཆིག་གིས་དམག་མི་ཡིས་རྒྱ་གར་ཁ་གཏད་ཀྱི་ལས་གཞི་གང་ཡང་རྒྱུད་འཛིན་མ་ཐུབ་པ་བཟོས་རྒྱུ་ཡིན་པ་བརྗོད་དོ།