རྒྱ་གར་དང་སྲི་ལང་ཀའི་དབར་སྲུང་སྐྱོབ་དང་སྲུང་དམག་ཐོག་མཉམ་སྦྲེལ་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་གནང་བ།

རྒྱ་གར་དང་སྲི་ལང་ཀའི་དབར་སྲུང་སྐྱོབ་དང་སྲུང་དམག་ཐོག་མཉམ་སྦྲེལ་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་རྒྱ་གར་དང་ཤྲིལངྐ་གཉིས་ཀྱིས་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ཤྲིལངྐི་རོགས་དངུལ་ས་ཡ་༢༥ ཡིས་ཇཕ་ནཱར་ཨའི་སི་ཊི་གློག་ཚང་ཆེད་ཚོང་ལས་བལྟི་གནས་གསར་འཛུགས་གནང་བའི་ཨེམ་ཨོ་ཡུ་གྲོས་མཐུན་མོས་མཐུན་མཚན་རྟགས་གནང་ཡོད་འདུག་ ཨོམ་ཨོ་ཡུ་གྲོས་མཐུན་དེ་རྒྱ་གར་གྱི་ཤྲིལངྐའི་སྐུ་ཚབ་དོན་གཅོས་ཏཱ་རན་ཇིཏ་སིང་སན་རྡུ་དང་ཤྲིལངྐའི་རྒྱལ་སྤྱིའི་ཚོང་ལས་དད་འཕེལ་རྒྱས་སྲིད་བྱུས་བློན་ཆེན་ཨེས་ཊི་ཀོ་ཌི་ཀ་རི་གཉིས་ཀྱིས་ཤྲིལངྐའི་རྒྱལ་ས་ཀོ་ལོམ་བྷོར་སྲིད་བློན་རཱ་ནིལ་ཝིཀ་རམ་འིང་གྷའི་སྐུ་མདུན་དུ་མཚན་རྟགས་སྐྱོན་འདུག་གོ།