ནིའུ་ཛི་ལེཌ་གྲོས་ཚོགས་ཀྱིས་ཕྱེད་རང་འགུལ་མཚོན་ཆབཀག་སྡོམགནང་བར་འོས་འཕེན་བྱུང་བ།

༄།ནིའུ་ཛི་ལེཌ་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཉེ་ཆར་ཀ་རིསཊ་ཅར་ཅཱ་དྲག་སྤྱོས་རྗེས་ཕྱེད་རང་འགུལ་མཚོན་ཆ་དང་རྒོལ་རྡུང་མེ་མདའ་ཆ་ཚད་བཀག་སྡོམ་གནང་བར་འོས་འཕེན་མུ་མཐུད་གནང་འདུག་དེ་ཡང་ཀ་རཱ་ཨིསཊ་ཅར་ཅ་ཡི་འཇི་སྐུལ་དྲག་སྤྱོད་པ་དེ་རིང་བསལ་བློའི་འའཔྲོད་བསྟེན་གྱི་རྟག་དཔྱད་བྱེད་རྒྱུ་ཡིན་འདུག་དེའང་ནིའུ་ཛི་ལེཌ་ཡི་ཁ་མཆེ་ལྷ་ཁང་དུ་དྲག་སྤྱོད་མེ་འཕེན་གྱིས་མི་༤༨གསོད་དེ་ནག་ཉེས་འཛུགས་མཁན་འཛུན་བཟུང་ཁྲིམས་ཁང་དུ་མི་གསོད་ཁྲག་སྦྱོར་གྱི་ནག་ཉེས་ཐོག་ཁྲིམས་གཏུགས་བྱེད་ཡོད་འདུག་

ལོ་ན་༢༨ལོན་པའི་བྷེ་རེན་ཌན་ཊེ་རེཊ་ཡིས་ཁ་མཆེ་ལྷ་ཁང་གཉིས་སུ་དྲག་སྤྱོད་མེ་འཕེན་བྱས་པ་རང་ཉིད་གློག་བརྙན་རྒྱག་སྟེ་ས་གནས་ཉེན་རྟོག་པས་འཛིན་བཟུང་ཁྲིམས་གཏུགས་ཟླ་ཚེས་ཟླ་བ་རྗེས་མའི་ཚེས་༥བར་གཏའ་དངུལ་གྱི་གློད་བཀྲོལ་ལ་སྙན་ཞུ་རྒྱབ་མེད་པ་ཡིན་འདུག  ནག་ཉེས་འཛུགས་ཡུལ་གྱི་གང་སག་གིས་ལོ་གཉིས་རིང་དྲག་སྤྱོད་གྲ་སྒྲིག་བྱེད་པའི་བསྒྲགས་གཏམ་ལག་སོན་བྱུང་ཡོད་ནིའུ་ཛེ་ལེཌ་སྲིད་བློན་ཇེ་ཀིན་ཌ་ཨར་གྲན་གྱིས་མེ་འཕེན་མི་གསོད་ཁྲག་སྦྱོར་དེ་འཇིག་སྐུལ་དྲག་སྤྱོད་ཞིག་ཏུ་ངོས་འཛིན་བྱས་སྟེ་རང་ཡུལ་དུ་མེ་མདའ་ཡི་ཁྲིམས་ལེགས་བཅོས་གནང་རྒྱུ་ཡིན་བཅས་འགྲེལ་བརྗོད་སེམས་ཚབ་བརྗོད་དོ།